མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ད་ལྟའི་གནས་ཚུལ་བརྟག་དཔྱད་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་སློབ་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱིས་པའི་ལས་དོན་པུའུ། ཀྲུང་གོའི་བྱིས་པའི་ལྟེ་གནས་བཅས་ཀྱི་སྤྱི་ཟླ9བའི་ཚེས15ཉིན་པེ་ཅིན་དུ་མཉམ་འབྲེལ་ཐོག་རང་རྒྱལ་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ད་ལྟའི་གནས་ཚུལ་བརྟག་དཔྱད་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། བརྟག་དཔྱད་བྱས་པ་ལས་མངོན་པར་རང་རྒྱལ་གྱི་ཞིང་ཆེན་མང་ཆེ་བར་ཁྱིམ་ཚང་སློབ་གསོའི་མཐུན་སྦྱོར་ལས་ཁུངས་བཙུགས་ཟིན་པ་དང་། དེའི་ནང་གི་ལས་སྒོའི་ལས་དོན་གཙོ་བོ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་འཁུར་བཞིན་ཡོད་པ་རེད།

སྙན་ཞུ་ནས་བརྟག་དཔྱད་བྱས་པ་བརྒྱུད་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ལག་བསྟར་བྱས་ཚུལ་དང་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ལག་བསྟར་ཁོར་ཡུག་ཚད་གཞི་ངེས་ཅན་ཐོག་ནས་རང་རྒྱལ་གྱི་ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུའི་ད་ལྟའི་གནས་ཚུལ་དང་ཁྱད་ཆོས་མཚོན་པར་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག