མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བྱ་ཐབས་མང་པོ་སྤེལ་ནས་གྲོང་གསེབ་ཀྱི་དབུལ་ཕོངས་དབང་པོ་སྐྱོན་ཅན་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-09-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་ལ་དབང་པོ་སྐྱོན་ཅན་བྱེ་བ8.5ཡོད་པའི་ནང་གྲོང་གསེབ་ནས་ཡིན་པའི་དབང་པོ་སྐྱོན་ཅན་བྱེ་བ1ཙམ་ཡོད་པ་དང་དེ་དག་ནི་དེའི་ཁྲོད་དཀའ་ངལ་ཆེ་ཤོས་དང་རོགས་པ་བྱེད་དགོས་ཤོས་ཀྱི་མི་ཚོགས་ཡིན་པ་རེད། སི་ཁྲོན་ཡི་པིང་གྲོང་ཁྱེར་ཀའོ་རྫོང་ཚུང་མུ་གྲོང་ཚོའི་ཀྲང་ཀོང་ཧྥན་ནི་ཚབས་ཆེའི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་རེད། སྤྱི་ལོ2010ལོར་སི་ཁྲོན་གྱིས་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ཁྲོད་མི་སོ་སོའི་གནས་ཚུལ་ལ་གཞིགས་ནས་ཞབས་ཞུ་བྱེད་པའི་བྱ་ཐབས་སྤེལ་སྟེ། རིན་པ་མི་དགོས་པར་ཀྲང་ཀོང་ཧྥན་ལ་སྣེ་མང་ཞབས་ཞུ་སྤེལ་བས་ཁོང་གི་རྒྱུན་ལྡན་འཚོ་བ་སྟབས་དེ་རུ་ཕྱིན་ཡོད། དེས་མ་ཟད་ས་གནས་དེ་གའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲང་གོང་ཧྥན་ལ་རོགས་རམ་བྱས་ནས་དབུལ་སྐྱོར་གྱི་ཁ་གསབ་དང་དབང་པོ་སྐྱོན་ཅན་གྱི་བདེ་སྐྱིད་བྱ་གཞག་གསར་གཏོད་ལས་གྲྭའི་རྣམ་གྲངས་མ་དངུལ་བརྩོན་ལེན་བྱེད་རོགས་བྱས་ནས་ཁོང་གིས་རི་བོང་གསོ་ཚགས་མཉམ་ལས་ཁང་བཙུགས་པ་དང་ཉེ་འཁོར་གྲོང་ཚོའི་དབང་པོ་སྐྱོན་ཅན་གྱི་དུད་ཁྱིམ110རི་བོང་གསོ་ཚགས་བྱས་ནས་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད། ཉིང་ཞ་རུ་ས་གནས་དེ་གའི་སྲིད་གཞུང་གིས་ངལ་རྩོལ་ནུས་པ་ངེས་ཅན་ཡོད་པའི་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་ཀྱི་གོ་སྐབས་གསར་གཏོད་བྱས་ཞིང་ཉིང་ཤ་དགེ་སྒྲུབ་ཁུལ་དུ་ཡོང་མཁན་གྱི་ཁེ་ལས་ཡིན་ཕྱིན་ལས་གནས5%དབང་པོ་སྐྱོན་ཅན་ལ་འཇོག་དགོས་པ་དང་། སྲིད་ཇུས་དེས་ཀྱང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་ཐེབས་ཡོད། འུ་ཀྲུང་གྲོང་ཁྱེར་ཧུང་སི་སྦའོ་དགེ་སྒྲུབ་ཁུལ་དུ་གྱོན་གོས་བཟོ་མཁན་ཁེ་ལས་ཞིག་གིས་གྲོང་གསེབ་ཀྱི་དབུལ་ཕོངས་དབང་པོ་སྐྱོན་ཅན་མི40ཙམ་ལས་གནས་ཐོག་བཀོད་སྒྲིག་བྱས་ཡོད།

ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་བར་གྱི་ལོ་ལྔའི་ནང་རང་རྒྱལ་ལ་གྲོང་གསེབ་ཀྱི་དབུལ་ཕོངས་དབང་པོ་སྐྱོན་ཅན་མི་ས་ཡ4.8ཙམ་དབུལ་གྲོལ་ཐུབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མི་བྱེ་བ1.7ཙམ་ལ་མ་མཐའི་འཚོ་བའི་འགན་སྲུང་བྱས་ཡོད་ཅིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་ཕྱེད་ཀ་ཙམ་གྱིས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པ་སྐྱོན་ཅན་གྱི་ལྟ་སྐྱོང་ཁ་གསབ་ལམ་ལུགས་བཙུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག