མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«འབྲི་ཆུའི་འགག་གསུམ་ཆུ་བེད་འགག་རྩའི་བདེ་འཇགས་སྲུང་སྐྱོབ་སྲོལ་ཡིག»ཅེས་པ་བསྒྲགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:55

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «འབྲི་ཆུའི་འགག་གསུམ་ཆུ་བེད་འགག་རྩའི་བདེ་འཇགས་སྲུང་སྐྱོབ་སྲོལ་ཡིག»ཅེས་པ་ཁྱབ་བསྒྲགས་བྱས། སྲོལ་ཡིག་དེ2013ལོའི་སྤྱི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

སྲོལ་ཡིག་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཞེ་གཅིག་ཡོད་དེ། སྤྱི་རྩ་དོན་དང་། སྐམ་སའི་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཆུ་ཁོངས་བདེ་འཇགས་སྲུང་སྐྱོབ། བར་སྣང་བདེ་འཇགས་སྲུང་སྐྱོབ། བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་དང་ཁྲིམས་ལུགས་འགན་སྲུང་སོགས་སུ་དབྱེ་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག