མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 10:53

125398179_41n.jpg

སྤྱི་ཟླ9བའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་ལ་མཇལ་འཕྲད་གནང་།  

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ9བའི་ཚེས16ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་ལ་མཇལ་འཕྲད་གནང་།

  མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་པ་རེན་གྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་ཡིད་འཇོག་བྱེད་པའི་གནད་དོན་ཐད་ནས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱས། པ་རེན་ནི་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་དངུལ་ལོར་ལྟེ་གནས་ཡིན་པའི་ཆ་ནས་ཚོང་རའི་ནུས་པ་ཆེ་ཞིང་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་མདུན་ལྗོངས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་ལོར། ནུས་ཁུངས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་རྒྱ་བསྐྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་པའི་ཀྲུང་གོའི་ཁེ་ལས་པ་རེན་ལ་སོང་ནས་དངུལ་གཏོང་ཁེ་ལས་གཉེར་བར་སྐུལ་མ་གཏོང་བ་དང་པ་རེན་ཕྱོགས་ཀྱིས་དེའི་ཐད་ལ་རྒྱབ་སྐྱོར་དང་སྟབས་བདེ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

  ཧ་མ་ཏི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་གྱི་མཛའ་མཐུན་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པར་མ་ཟད། མཚོ་ཁུག་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་རང་མོས་ས་ཁུལ་འཛུགས་སྐྲུན་དང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག