མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་བཅུ་གཉིས་པ་དང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་གཉིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-17 09:07

777.jpg

 སྤྱི་ཟླ9བའི་ཚེས15ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉིན་ཞའི་དབྱིན་ཁྲོན་གྲོང་ཁྱེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཚོང་ཟོང་འགྲེམ་ཚོགས་ལ་ཞུགས་པའི་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་བཅུ་གཉིས་པར་མཇལ་འཕྲད་གནང་།

888.jpg

  སྤྱི་ཟླ9བའི་ཚེས15ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉིན་ཞའི་དབྱིན་ཁྲོན་གྲོང་ཁྱེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཚོང་ཟོང་འགྲེམ་ཚོགས་ལ་ཞུགས་པའི་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ9བའི་ཚེས15ཉིན་ཉིན་ཞའི་དབྱིན་ཁྲོན་གྲོང་ཁྱེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཚོང་ཟོང་འགྲེམ་ཚོགས་ལ་ཞུགས་པའི་ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་བཅུ་གཉིས་པ་དང་པ་རེན་རྒྱལ་ཁབ་ཀྱི་རྒྱལ་བོ་ཧ་མ་ཏི་གཉིས་ལ་མཇལ་འཕྲད་གནང་།

  ཨ་པུའུ་ཏུའུ་ལ་སྐུ་ཕྲེང་བཅུ་གཉིས་པར་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཅོར་ཏན་རྒྱལ་ཁབ་གཉིས་ནི་ཡུན་རིང་མཛའ་མཐུན་ཡོང་ཞིང་། རྒྱལ་བོ་ལགས་ཁྲི་སར་བཀོད་རྗེས་ཀྲུང་གོར་ཐེངས་བདུན་ལ་འཚམས་འདྲི་བྱས་པ་དང་། དེ་ལས་ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ཡོད། ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད། ཅོར་ཏན་ཕྱོགས་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

  ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་བཤད་རྒྱུར། ཅོར་ཏན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་དཔྱད་གཞིར་བཟུང་སྟེ་ཀྲུང་གོ་དང་ཅོར་ཏན་གྱི་ཁྱབ་ཁོངས་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཅོར་ཏན་གྱིས་ཨ་རབ་རྒྱལ་ཁབ་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཨ་རབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  ཧ་མ་ཏི་ལ་མཇལ་འཕྲད་གནང་སྐབས་ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་པ་རེན་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་ཁབ་འཛུགས་སྐྲུན་ཕྱོགས་ཀྱི་ཉམས་མྱོང་བཟང་བོ་བརྗེ་རེས་བྱས་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

  ཧ་མ་ཏི་ཡིས་བཤད་རྒྱུར། ད་ཐེངས་བདག་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། པ་རེན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག