མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཝ་ནི་ཨ་ཐུ་ཡི་ཙུང་ལི་ཁ་ཁེ་ཆེ་སི་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-15 11:01

01.jpg

སྤྱི་ཟླ9བའི་ཚེས14ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉིན་ཞ་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཚོང་ཟུང་འགྲེམ་ཚོགས་ལ་ཞུགས་པར་ཡོང་བའི་ཝ་ནི་ཨ་ཐུ་རྒྱལ་ཁབ་ཀྱི་ཙུང་ལི་ཁ་ཁེ་སེ་སི་ལ་མཇལ་འཕྲད་གནང་།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ9བའི་ཚེས14ཉིན་ཉིན་ཞ་རང་སྐྱོང་ལྗོངས་ཀྱི་དབྱིན་ཁྲོན་གྲོང་ཁྱེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ཚོང་ཟུང་འགྲེམ་ཚོགས་ལ་ཞུགས་པར་ཡོང་བའི་ཝ་ནི་ཨ་ཐུ་རྒྱལ་ཁབ་ཀྱི་ཙུང་ལི་ཁ་ཁེ་སེ་སི་ལ་མཇལ་འཕྲད་གནང་།

    ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་དང་ཝ་ནི་ཨ་ཐུ་བར་འབྲེལ་བ་བཙུགས་ཏེ་ལོ་སུམ་ཅུ་ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། རིམ་པ་ཁག་བར་གྱི་འགྲོ་འོངས་དམ་ཟབ་བཅས་ལ་བརྟེན་ནས། དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པས། འཕེལ་རྒྱས་ཀྱི་མཐུན་རྐྱེན་ལེགས་པོ་འཛོམས་ཡོད།
ཀྲུང་གོ་ཕྱོགས་ཀྱིས་ཝ་ནི་ཨ་ཐུ་ཕྱོགས་དང་ལྷན་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་འགྲོ་འོངས་ལ་ཤུགས་སྣོན་དང་། ཕན་ཚུན་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་བཏང་ནས། ཞིང་ལས་དང་ཉ་ལས། འགྲིམ་འགྲུལ་དང་འཕྲིན་གཏོང་། རྨང་གཞིའི་སྒྲིག་ཆས། དག་གཙང་ནུས་ཁུངས། གནས་སྐོར་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་གི་འཕེལ་རྒྱས་ཡར་སྐུལ་དང་། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་རྒྱུས་ལོན་ཇེ་ཟབ་དང་། འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

    ཁ་ཁེ་ཆེ་སི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཚོང་ཟུང་འགྲེམ་ཚོགས་སུ་གདན་དྲངས་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཝ་ནི་ཨ་ཐུ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་དང་། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ཀྲུང་གོའི་ཁྱབ་ཁོངས་ཁག་ཏུ་མཛའ་མཐུན་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག