མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:52

01.jpg

སྤྱི་ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནང་བ།   

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དྲིལ་སྒྲོག་བསམ་བློ་བྱ་བའི་གྲོས་ཚོགས་དེ་སྤྱི་ཟླ8པའི་ཚེས19ནས་ཚེས20ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས། དཔལ་འབྱོར་འཛུགས་སྐྲུན་ནི་ཏང་གི་བྱ་བའི་སྙིང་བོ་ཡིན་པ་དང་། འདུ་ཤེས་འཛིན་སྟངས་ཐད་ཀྱི་བྱ་བ་ནི་ཏང་གི་བྱ་བ་འགངས་ཆེན་ཞིག་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་ལ། རང་རེའི་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་སྙིང་བོར་འཛིན་པ་དུས་རྟག་ཏུ་རྒྱུན་འཁྱོངས་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་ལེགས་སྒྲུབ་དང་། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་བཏང་། དེ་དང་མཉམ་དུ་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཉིས་ཀ་ལེགས་སྒྲུབ་དང་། རྒྱལ་ཁབ་ཀྱི་རྒྱུ་ཤུགས་དང་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་འབྱོར་བ་དང་བསམ་པའི་ལོངས་སྤྱོད་ཇེ་ལེགས་སུ་བཏང་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་ད་གཟོད་བདེ་བླག་ངང་གོང་ནས་གོང་དུ་སྤེལ་ཐུབ་ཅེས་ནན་གྱིས་བསྟན།

    ཞི་ཅིན་ཕེན་གྱིས་དྲིལ་སྒྲོག་བསམ་བློ་བྱ་བ་ནི་མར་ཁི་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་ཇེ་བརྟན་དུ་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས། ཏང་ཡོན་དང་ལས་བྱེད་པས་མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་མོས་ཇེ་བརྟན་དུ་གཏོང་བ་དང་། ཏན་ཏིག་གིས་ཏང་གི་ད་ལྟའི་དུས་སྐབས་ཀྱི་གཞི་རྩའི་རྩ་འཛིན་མངོན་འགྱུར་བྱེད་པར་བརྩོན་པ་ལྷོད་མེད་བྱེད་རྒྱུ་དང་། མགོ་ཁྲིད་ལས་བྱེད་པ་དང་སྒོས་སུ་མཐོ་རིམ་ལས་བྱེད་པས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཁྱད་པར་དུ་ཏིན་ཞོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་དགོས། ཏང་གི་སློབ་གྲྭ་དང་ལས་བྱེད་པའི་སློབ་གླིང་། སྤྱི་ཚོགས་ཚན་རིག་གླིང་། མཐོ་རིམ་སློབ་གྲྭ། རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་སོགས་ཀྱིས་མར་ཁེ་སི་རིང་ལུགས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་གདམ་ནས། མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་བཅས་བྱེད་པའི་གཡུལ་ས་གཙོ་བོར་བསྒྱུར་དགོས་ཞེས་བསྟན།

    ཞི་ཅིན་ཕེན་གྱིས་ཏང་གཤིས་དང་དམངས་གཤིས་ནི་ནམ་ཡང་གཅིག་མཐུན་དང་གཅིག་གྱུར་ཡིན་ལ། ཏང་གཤིས་རྒྱུན་འཁྱོངས་བྱེད་པའི་སྙིང་བོ་ནི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་དང་། བློ་རྩ་བརྟན་པོས་ཏང་གི་རིགས་གཞུང་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་དང་། བློ་རྩ་བརྟན་པོས་ཀྲུང་དབྱང་གི་བྱ་བའི་བཀོད་སྒྲིག་འགངས་ཆེན་དྲིལ་སྒྲོག བློ་རྩ་བརྟན་པོས་ཀྲུང་དབྱང་གི་གནས་བབ་སྐོར་གྱི་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དྲིལ་སྒྲོག་བྱེད་པ་དང་། ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོན་པོས་གཅིག་གྱུར་བྱས་ཏེ། ཀྲུང་དབྱང་གི་དབང་ཤུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། དམངས་གཤིས་རྒྱུན་འཁྱོངས་བྱེད་པ་ནི། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ལེགས་པོ་དང་། སྲུང་སྐྱོབ་ལེགས་པོ། འཕེལ་རྒྱས་ལེགས་པོ་གཏོང་བ་དེ་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ། དམངས་གཙོ་བོ་དང་མི་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རླབས་ཆེ་བའི་འབད་འཐབ་དང་འཚོ་བའི་གནས་ཚུལ་དྲིལ་སྒྲོག་མང་ཙམ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཁྲོད་དུ་བྱུང་བའི་སྔོན་ཐོན་མིག་དཔེ་དང་སེམས་འགུལ་ཐེབས་པའི་བྱས་རྗེས་དྲིལ་སྒྲོག་མང་ཙམ་བྱས་ཏེ། མི་དམངས་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏོང་བ། མི་དམངས་ཀྱི་བསམ་པའི་དགོས་མཁོ་བསྐོང་དགོས་ཞེས་ནན་གྱིས་བསྟན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྲོས་ཚོགས་སུ་ཞུགས་ཏེ་གསུང་བཤད་གནང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག