མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨ་མེ་རི་ཁའི་མགྲོན་པོར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:52

1.jpg

སྤྱི་ཟླ8པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཧྥོ་ལོ་ལེ་ཏ་ཀྲིག་གི་སྔོན་ཆད་ཀྱི་ཀྲིག་ཀྲང་ཅེ་པུའུ་པུའུ་ཧྲི་ལ་མཇལ་འཕྲད་གནང་བ། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས21ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨ་མེ་རི་ཁའི་ཧྥོ་ལོ་ལེ་ཏ་ཀྲིག་གི་སྔོན་ཆད་ཀྱི་ཀྲིག་ཀྲང་ཅེ་པུའུ་པུའུ་ཧྲི་ལ་མཇལ་འཕྲད་གནང་།

    ཀྲང་ཀའོ་ལིས་ཀྱིས་ཅེ་པུའུ་པུའུ་ཧྲི་ཡང་བསྐྱར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་གོང་འཕེལ་བཟང་བོ་འབྱུང་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ད་ལྟའི་ཕན་ཚུན་མཉམ་ལས་ཀྱི་རྣམ་པ་འདི་ལྟ་བུར་གོང་འཕེལ་བྱུང་བ་དེ་ལས་སླ་མོ་ཞིག་མིན་ལ། པུའུ་ཧྲི་ཁྱིམ་རྒྱུད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་པས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དེ་བརྗེད་མི་སྲིད་ཟེར།

    ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་དུ་ཕན་ཚུན་བརྩི་བཀུར་དང་མཉམ་ལས་མཉམ་རྒྱལ་གྱི་གསར་དར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབ་བཟང་བོ་བྱེད་ན། ང་ཚོའི་བློ་གྲོས་དང་ཕུགས་འདུན། བྱ་སྤྱོད་ངོ་མ་བཅས་དགོས་པས། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་མུ་མཐུད་འབད་བརྩོན་བྱས་ཏེ། ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཡང་དག་པའི་ཕྱོགས་སུ་གོང་འཕེལ་དུ་གཏོང་དགོས་ཟེར།

    ཅེ་པུའུ་པུའུ་ཧྲི་ཡིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བདེ་བླག་ངང་འཕེལ་བར་མུ་མཐུད་ནུས་པ་བཟང་པོ་འདོན་འདོད་ཡོད་ཅེས་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག