མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁྲིན་ཧྥིན་ཧྥུའུ་ཀྲིན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཕྱུག་བློ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-22 10:52

3.jpg

སྤྱི་ཟླ8པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁྲིན་ཧྥིན་ཧྥུའུ་ཀྲིན་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས20ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཁྲིན་ཧྥིན་ཧྥུའུ་ཀྲིན་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཀྲུང་གོ་སྲིད་གཞུང་གིས་མི་གཙོ་བོར་འཛིན་པ་དང་སྲིད་འཛིན་པ་ནི་དམངས་ཀྱི་ཆེད་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་ཡོད། ང་ཚོས་དཀལ་ངལ་ཁྱད་སེལ་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་བྱེད་པ་དང་། སྨན་བཅོས་ཞེས་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་ཀྲུང་གོའི་ཚུལ་གྱིས་ཐག་གཅོད་ཐབས་ཤིག་འཚོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་པ་དང། ཉིས་སྟོང་ཉི་ཤུ་ལོར་མི་ཚང་མས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སུ་སྤྱོད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

    ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ནས། འཛམ་གླིང་གི་འཕྲོད་བསྟེན་ལས་དོན་ལ་ཡར་སྐུལ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

    ཁྲིན་ཧྥིན་ཧྥུའུ་ཀྲིན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོས་སྨན་བཅོས་བཅོས་སྒྱུར་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་གཟེངས་བསྟོད་ཆེན་པོ་བྱེད་བཞིན་པར་མ་ཟད། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་དུ་འཛམ་གླིང་གི་འཕྲོད་བསྟེན་ལས་དོན་གོང་དུ་སྤེལ་འདོད་ཡོད་ཅེས་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག