མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཁེན་ཉི་ཡའི་ཙུང་ཐུང་ཁུན་ཡ་ཐ་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:46

1111.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁེན་ཉི་ཡའི་ཙུང་ཐུང་ཁུན་ཡ་ཐ་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས20ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁེན་ཉི་ཡའི་ཙུང་ཐུང་ཁུན་ཡ་ཐ་ལ་མཇལ་འཕྲད་གནང་།

    ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཁེན་ཉི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་པོའི་བར་ཕན་ཚུན་འགྲོ་འོང་བྱེད་ཐེངས་མང་ཞིང་། ཕན་ཚུན་བར་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་སའི་གནད་དོན་གལ་ཆེན་གྱི་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་། རིག་གནས། སློབ་གསོ། གནས་སྐོར། གསར་འགྱུར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་ཕན་འབྲས་མངོན་གསལ་བླངས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཛའ་མཐུན་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་ལྟར། ཀྲུང་གོ་དང་ཁེན་ཉི་ཡ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

    ཁེན་ཉི་ཡ་ཕྱོགས་ཀྱིས་བསྟན་དོན། ཁེན་ཉི་ཡ་དང་ཀྲུང་གོ་ཕྱོགས་གཉིས་བར་སྤུན་ཟླ་ལྟ་བུའི་མཛའ་བཤེས་ལྡན་ཞིང་། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་དང་རིག་གནས་སོགས་ཁྱབ་ཁོངས་རྒྱ་ཆེན་པོ་ནས་མཉམ་ལས་ཆེན་པོ་བྱེད་བཞིན་ཡོད། ཁེན་ཉི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཐུན་མོང་འཕེལ་རྒྱས་ཀྱི་ལས་འགན་ལ་ཐུག་ཡོད་པས། ཁེན་ཉི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་བཟང་བོ་དང་དུ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག