མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཁྱབ་བཤེར་བཟང་བོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བར་ཞབས་ཕྱི་སྒྲུབ་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:45

0.jpg

སྤྱི་ཟླ8པའི་ཚེས19ཉིན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་གཤིས་གནས་ཚུལ་ཁྱབ་བཤེར་ཐེངས་དང་པོ་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་གཤིས་གནས་ཚུལ་ཁྱབ་བཤེར་ཐེངས་དང་པོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གནང་བ། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་གཤིས་གནས་ཚུལ་ཁྱབ་བཤེར་ཐེངས་དང་པོ་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་གཤིས་གནས་ཚུལ་ཁྱབ་བཤེར་ཐེངས་དང་པོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་གསུངས་རྒྱུར། རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཁྱབ་བཤེར་བྱེད་པ་དང་། རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དེ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་དོ་དམ་དང་ཇུས་འགོད་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དང་ཡུན་རིང་ཇུས་གཞི། ཆེ་ཕྱོགས་ཀྱི་སྲིད་ཇུས་བཅས་ཚན་རིག་དང་མཐུན་པོིའི་སྒོ་ནས་འགོད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

    ཀྲང་ཀའོ་ལིས་ཀྱིས་ནན་གྱིས་གསུངས་རྒྱུར། རྒྱལ་ཁབ་ཀྱི་ས་གཤིས་གནས་ཚུལ་ཁྱབ་བཤེར་བྱེད་རྒྱུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་ཆོད་དོན་གལ་ཆེན་ཞིག་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་པར་དུ་འགན་འཁྲིའི་བསམ་པ་ཇེ་ཆེར་བཏང་སྟེ། ཚན་རིག་ལྟར་ཁྱབ་བཤེར་བྱེད་པ་དང་ཁྲིམས་ལྟར་ཁྱབ་བཤེར་བྱེད་པ། གསར་སྐྲུན་གྱི་སྒོ་ནས་ཁྱབ་བཤེར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། མཉམ་དུ་ཁྱབ་བཤེར་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག