མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ལན་ཀྲིག་ནས་མགོ་འཛིན་མཛད་དེ་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:39

0.jpg

སྤྱི་ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལན་ཀྲིག་ནས་མགོ་འཛིན་མཛད་དེ་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།  

00.jpg

སྤྱི་ཟླ8པའི་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལན་ཀྲིག་ནས་མགོ་འཛིན་མཛད་དེ་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།  

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ལན་ཀྲིག་ནས་མགོ་འཛིན་མཛད་དེ་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བ་དང་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་བསྡུས། གྲོས་ཚོགས་སྟེང་ཀན་སུའུ་དང་ནང་སོག ཟི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཞིང་ལྗོངས་ལྔའི་འགན་ཁུར་བློ་མཐུན་གྱིས་ས་གནས་རང་གི་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། དཔལ་འབྱོར་བྱ་བ་དང་། ནུབ་རྒྱུད་འཕེལ་རྒྱས། དབུལ་སྐྱོར་བྱ་བ་བཅས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

    ཚང་མའི་གཏམ་བཤད་ལ་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དམངས་འཚོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བ་བཅས་ནི་སྐབས་འདིའི་སྲིད་གཞུང་གི་ལས་འགན་གཙོ་བོ་དང་གཏན་ལ་ཕབ་པའི་དམིགས་འབེན་ཡིན། དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་དཔལ་འབྱོར་གྱི་འཕེལ་ཕྱོགས་དང་ཆེ་ཕྱོགས་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས་པར་མ་ཟད། ད་ལྟའི་གནས་བབ་བརྟན་འཇགས་སུ་གཏོང་བ་དང་། ཡུན་རིང་ལ་ཕན་པའི་ནུས་ལྡན་བྱེད་ཐབས་དུས་ཐོག་ཏུ་བེད་སྤྱད་དེ། ཐོན་ཚད་འཕར་སྣོན་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དཔལ་འབྱོར་བརྟན་འཇགས་སྒོས་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

    ལིས་ཁི་ཆང་གིས་གསུངས་རྒྱུར། རང་རྒྱལ་གྱི་དཔལ་འབྱོར་གྲུབ་ཚུལ་ལུགས་མཐུན་མིན་པ་དེ་གཙོ་བོར་མཁར་གྲོང་དང་ས་ཁོངས་འཕེལ་རྒྱས་དོ་མཉམ་མིན་པའི་ཕྱོགས་མཚོན་ཡོད་པས། ནུབ་རྒྱུད་གསར་སྤེལ་བྱེད་པ་དེས་འཕེལ་རྒྱས་ཀྱི་སྤྱིའི་རྣམ་མཐུན་སྦྱོར་བྱེད་པའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པར་མ་ཟད། དེ་ནི་དཔལ་འབྱོར་རྒྱུན་མཐུད་དང་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བའི་རྒྱབ་རྟེན་གལ་ཆེན་ཡིན་ལ། སྤྱི་ཚོགས་དྲང་གཞག་ཡོང་བར་བྱེད་པའི་དགོས་ངེས་ཀྱི་རེ་བའང་ཡིན་པས། ཁྱད་པར་ཅན་གྱི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་ནས། ནུབ་རྒྱུད་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་པ་དང་། ལྕགས་ལམ་དང་གཞུང་ལམ་གྱི་དྲ་རྒྱ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཆུ་བདེ་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

    ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ནུབ་རྒྱུད་གསར་སྤེལ་དང་དབུལ་བཅོས་ཕྱུག་སྐྱོར་གྱི་བྱ་བ་གང་ཡིན་རུང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་སྒོ་འབྱེད་རྒྱ་བསྐྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་ལ་བརྟེན་དགོས་པར་མ་ཟད། གསར་སྤེལ་ཚུལ་གྱི་དབུལ་སྐྱོར་བྱེད་ཐབས་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། སྟོབས་ཤུགས་ཡོད་དགུས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ནས། སྐྱེ་ཁམས་གནས་སྤོར་དང་རྨོ་བསྐྱུར་ནགས་སྐྲུན་བྱེད་པ། ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་གསར་བ་འཚོལ་ཞིབ་བྱེད་དགོས་ཤིང་། གཞི་རྩའི་དམངས་འཚོར་དངོས་སུ་ཁག་ཐེག་བྱས་ནས། རིགས་སོ་སོའི་མང་ཚོགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ། མཉམ་དུ་ཕྱུག་པོར་བསྒྱུར་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག