མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཧན་གོ་རྒྱལ་ཁབ་ཀྱི་མགྲོན་པོར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-21 10:39

000.jpg

སྤྱི་ཟླ8པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་སྔོན་ཆད་ཀྱི་ཙུང་ལི་ལིས་ཧྲིའུ་ཁྲིན་གྱིས་ཁྲིད་པའི་ཀྲུང་གོ་དང་ཧན་གོའི་མི་སྣ་གྲགས་ཅན་གླེང་སྟེགས་སྐབས་བཅུ་གསུམ་པའི་ཧན་གོའི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།  

0000.jpg

སྤྱི་ཟླ8པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་སྔོན་ཆད་ཀྱི་ཙུང་ལི་ལིས་ཧྲིའུ་ཁྲིན་གྱིས་ཁྲིད་པའི་ཀྲུང་གོ་དང་ཧན་གོའི་མི་སྣ་གྲགས་ཅན་གླེང་སྟེགས་སྐབས་བཅུ་གསུམ་པའི་ཧན་གོའི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས19ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོིའི་སྔོན་ཆད་ཀྱི་ཙུང་ལི་ལིས་ཧྲིའུ་ཁྲིན་གྱིས་ཁྲིད་པའི་ཀྲུང་གོ་དང་ཧན་གོའི་མི་སྣ་གྲགས་ཅན་གླེང་སྟེགས་སྐབས་བཅུ་གསུམ་པར་ཞུགས་པའི་ཧན་གོའི་ཕྱོགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་གཉིས་ནི་ཁྱིམ་མཚེས་ཡིན་པ་དང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་རྒྱུར་མ་ཟད། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་བྱེད་པ་དང་། ཨེ་ཤ་ཡའི་ཤར་བྱང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

    ལིས་ཧྲིའུ་ཁྲིན་གྱིས་ཕྱིན་ཆད་ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་པར་རེ་བ་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག