མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཀན་སུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-18 10:32


འདི་ནི་ཟླ8པའི་ཚེས17ཉིན། ཙུང་ལི་ལིས་ཁི་ཆང་མེན་རྫོང་མི་དམངས་སྨན་ཁང་དུ་ཕེབས་ཏེ་ས་འགུལ་ཁྲོད་རྨས་ལྗིད་མོ་ཕོག་པའི་རྨས་མར་སྐོར་རྒྱག་པའི་ཚུལ་རེད།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཙུང་ལི་ལིས་ཁི་ཆང་སྔ་མོ་ནས་ལམ་ལ་ཆས་ཏེ། དུས་ཚོད་གཉིས་རིང་གི་གནམ་གྲུ་ལ་བསྡད་རྗེས། རླངས་འཁོར་ཆུང་བར་བསྡད་ནས་དུས་ཚོད་གཅིག་ལ་ཕྱིན་པ་དང་། དེ་ནས་མེ་འཁོར་ལ་བསྡད་དེ་དུས་ཚོད་གསུམ་དང་། ཡང་རླངས་འཁོར་ཆུང་བར་བརྗེ་ནས་དུས་ཚོད་གསུམ་ལ་བསྐྱོད་རྗེས། མཚོ་ངོས་ལས་སྨི་ཉིས་སྟོང་བདུན་བརྒྱ་ཡས་མས་ཡོད་པའི་མཐོ་འཁྱགས་བརླན་སའི་རི་ཁུལ་ཀན་སུའུ་མེན་རྫོང་དུ་ཐོན་ཏེ། གནོད་ཐེབས་ས་ཁུལ་གྱི་བར་བརྒལ་བཀོད་སྒྲིག་དང་སླར་གསོ་བསྐྱར་བསྐྲུན་བྱ་བར་རྟོག་ཞིབ་མཛད།

གནོད་ཐེབས་ས་ཁུལ་དུ་བསྐྱོད་པའི་ལམ་བར་དུ་ཡང་ཚད་རིམ་གསུམ་དང་གྲངས་ཆུང་བདུན་གྱི་ས་འགུལ་བརྒྱུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག