མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་ཞེས་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས29ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་ཞེས་པར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་སྤྱི་ལོ2014ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པ་རེད།

དམིགས་བསལ་སྒྲིག་ཆས་ནང་ཁྲོ་དང་སྣོན་ཤུགས་ཆེ་བའི་ཞུར་ཆད། སྣོན་ཤུགས་ཀྱི་སྦུབས་ལམ། གློག་སྐས། ལྗིད་འདེགས་འཕྲུལ་ཆས། འགྲུལ་སྐྱེལ་དཔྱང་ཟམ། སྤྲོ་གསེང་རོལ་རྩེད་སྒྲིག་ཆས་ཆེ་གྲས། བཟོ་གྲྭའི་ནང་གི་ཆེད་སྤྱོད་འཕྲུལ་འགུལ་རླངས་འཁོར་སོགས་ཚུད་ཡོད་པ་རེད། སྒྲིག་ཆས་དེ་དག་ལ་གནོན་ཤུགས་ཆེ་བ་དང་དྲོད་ཚད་མཐོ་བ། བར་ཁམས་མཐོ་བ། མྱུར་ཚད་མགྱོགས་པ་བཅས་ཀྱི་ཆ་རྐྱེན་འོག་འཁོར་རྒྱུག་བྱེད་ཆོག་པའི་ཁྱད་ཆོས་ལྡན་ཡོད་ལ། མེ་འབར་སླ་བ་དང་འབར་གས་བྱེད་སླ་བ། གནམ་ནས་ལྷུང་སླ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པས། མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཅུང་ཆེ་ཙམ་ཡོད་པ་རེད།

དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་ཀྱིས་དམིགས་བསལ་སྒྲིག་ཆས་ཀྱི་ཐོན་སྐྱེད་དང་ཁེ་གཉེར། བེད་སྤྱོད་ཚན་པ་བཅས་ཀྱི་བདེ་འཇགས་གཙོ་གཟུགས་ཀྱི་འགན་འཁྲི་མངོན་གསལ་དོད་པོ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག