མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ལྕགས་ལམ་སྤྱི་ཟླ7པའི་ཚེས1ཉིན་ནས་དབྱར་ཁའི་གུང་གསེང་གི་སྐྱེལ་འདྲེན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོའི་ལྕགས་ལམ་ཀྱི་དབྱར་ཁའི་གུང་གསེབ་རིང་གི་སྐྱེལ་འདྲེན་དེ་སྤྱི་ཟླ7པའི་ཚེས1ཉིན་ནས་དངོས་སུ་སྤེལ་འགོ་ཚུགས་པ་དང་དུས་ཡུན་ཉིན62ཡིན་ཞིང་སྤྱི་ཟླ8པའི་ཚེས31ཉིན་བར་ཡིན་པ་རེད། རྒྱལ་ཁབ་ལྕགས་ལམ་དང་མ་རྐང་ཚད་ཡོད་ཀུང་སིས་སྔོན་དཔག་བྱས་པར་གཞིགས་ན་འགྲུལ་པ་མིའི་ཐེངས་གྲངས་དུང་ཕྱུར3.99ཙམ་སྐྱེལ་འདྲེན་བྱ་རྒྱུ་དེ་དུས་མཚུངས་ལས་མིའི་ཐེངས་གྲངས་བྱེ་བ2.3འཕར་སྣོན་ཕྱིན་ཡོད་ཅིང་ཉིན་རེར་ཆ་སྙོམས་མིའི་ཐེངས་གྲངས་ས་ཡ6.3སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་འཕར་ཚད8%ཟིན་ཡོད།

ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ལྕགས་ལམ་གྱི་དབྱར་ཁའི་གུང་གསེང་རིང་གི་སྐྱེལ་འདྲེན་བྱ་རྒྱུའི་ཐད། གཅིག་ནས་ཡུལ་སྐོར་དང་སྤྲོ་གསེང་ངལ་གསོ། སློབ་མ་བཅས་ཀྱིས་གཙོ་བོ་བྱས་པ་དང་དེའི་ནང་ཡུལ་སྐོར་བྱེད་མཁན་གྱིས་དབྱར་ཁའི་གུང་གསེང་རིང་གི་སྐྱེལ་འདྲེན་ནང་གལ་ཆེའི་གནས་བབ་བཟུང་ཡོད། དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་གྱི་ཕྱོགས་རྐྱང་པའི་འགྲུལ་སྐྱེལ་བྱ་རྒྱུ་དེ་གཅིག་བསྡུས་བྱས་པ་དང་བསྡུར་ཚེ་དབྱར་ཁའི་གུང་གསེང་རིང་གི་སྐྱེལ་འདྲེན་དེ་ཅུང་དོ་སྙོམས་ཡོད། གཉིས་ནས་འགྲུལ་སྐྱེལ་བྱ་རྒྱུ་དེ་གཙོ་བོ་པེ་ཅིན་ནས་ཧྲང་ཧའེ་དང་། པེ་ཅིན་ནས་ཀོང་ཀྲོའུ་བར། ཧར་པིན་ནས་ཏ་ལན་བར་གྱི་མྱུར་བགྲོད་ལྕགས་ལམ། པེ་ཅིན་ནས་ཧར་པིན། པེ་ཅིན་ནས་ཇའུ་ལུང་བར་སོགས་ལམ་ཐོག་གཙོ་བོ་དང་ཡུལ་སྐོར་གྲོང་ཁྱེར་ཆེ་གྲས་ཁག་དང་མཛེས་ལྗོངས་ཁུལ། ཚ་སེལ་གནས་མཆོག་བཅས་ལ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག