མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤང་ཀང་གིས་རྟེན་འབྲེལ་བྱེད་སྒོ་མང་པོ་སྤེལ་ནས་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ16འཁོར་བར་རྟེན་འབྲེལ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཤང་ཀང་ལས་རིགས་ཁག་གིས་རྟེན་འབྲེལ་བྱེད་སྒོ་མང་པོ་སྤེལ་ནས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་མེས་རྒྱལ་པང་དུ་ལོག་ནས་ལོ16འཁོར་བར་བསུ་བ་ཞུ་བཞིན་ཡོད། ད་ལོ་ཤང་ཀང་ལས་རིགས་ཁག་གི་མཛད་སྒོའི་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ16འཁོར་བར་རྟེན་འབྲེལ་ཞུ་བའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ལག་གདང་སྦྲེལ་བ་དང་། མེས་རྒྱལ་པང་དུ་ལོག་པར་རྟེན་འབྲེལ་ཞུ་བ། གཅེས་སེམས་སྦྱིན་པ་བཅས་དེ་བདུན་གཅིག་གི་རྟེན་འབྲེལ་དུས་ཆེན་གྱི་བརྗོད་བྱ་གཙོ་བོར་གཏན་འཁེལ་བྱས་ཡོད།

སྤྱི་ཟླ6པའི་ཚེས30ཉིན་གྱི་ཞོགས་པ་ཤང་ཀང་དུ་སློབ་གྲྭ་ཆེན་མོར་ཡོང་མཁན་གྱི་སྐམ་ས་ཆེན་མོའི་སློབ་གྲྭ་ཆེན་མོ་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ་དེ་གང་ཇའུ་གྲའོ་ཀྲའུ་གཞུང་ཚོགས་སློབ་འབྲིང་གི་ཚོགས་ཁང་དུ་སྤེལ་བ་དང་། ཤང་ཀང་ལས་རིགས་ཁག་གིས་ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ16འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། ཉིན་དེ་གའི་གལ་ཆེའི་བྱེད་སྒོའི་ནང་ད་དུང་ཁྱིམ་ནི་ཤང་ཀང་ཡིན་པ་དང་། ཁྱེད་དང་མཉམ་དུ་མདུན་ཕྱོགས་སུ་བསྐྱོད་ཞེས་པའི་གཞོན་ནུའི་བྱ་གཞག་གསར་གཏོད་ཀྱི་གླེང་སྟེགས་དང་གཞོན་ནུའི་བྱ་གཞག་རོགས་སྐྱོར་འཆར་གཞི་སྤེལ་འགོ་ཚུགས་པའི་མཛད་སྒོ་གཉེར་ཅིང་ཤང་ཀང་གི་གཞོན་ནུ8000ཙམ་གྱི་ཡིད་དབང་བཀུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག