མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་གི་རྩུབ་སྤྱོད་ཀྱི་འཇིགས་སྐུལ་འཇབ་རྒོལ་གྱོད་གཞི་ཚབས་ཆེན་དེ་རྩད་གཅོད་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-07-02 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤིན་ཅང་གི་ཉེན་རྟོག་ཕྱོགས་ནས་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཤིན་ཅང་གི་ཧྲེན་ཧྲན་རྫོང་གི་རྩུབ་སྤྱོད་ཀྱི་འཇིགས་སྐུལ་འཇབ་རྒོལ་གྱོད་གཞི་ཚབས་ཆེན་དེ་སྤྱི་ཟླ6པའི་ཚེས30ཉིན་རྩད་གཅོད་ཐུབ་པ་རེད།

མིག་སྔར་བརྟག་དཔྱད་བྱས་གསལ་ལ། ད་ལོའི་སྤྱི་ཟླ2པ་ནས་བཟུང་། ཨེ་ཧ་མེ་ཐེ་ཉི་ཡ་ཙེ་སི་ཏི་ཁེས་མི་མང་པོ་བསྐོང་བསྡུ་བྱས་ནས་ཆོས་ལུགས་ཐལ་སྐྱོད་ཀྱི་བྱེད་སྒོ་སྤེལ་བ་དང་། རྩུབ་སྤྱོད་ཀྱི་འཇིགས་སྐུལ་བྱེད་སྒོ་སྤེལ་རྒྱུའི་ངན་སྐུལ་བྱེད་པའི་བརྙན་མཐོང་དཔྱད་གཞི་ལྟ་ཉན་བྱས་མཐར་མི17ལས་གྲུབ་པའི་རྩུབ་སྤྱོད་ཀྱི་འཇིགས་སྐུལ་བྱེད་སྒོའི་ཚོགས་པ་བཙུགས་ཡོད་པ་རེད།

སྤྱི་ཟླ6པའི་ཟླ་དཀྱིལ་ནས་བཟུང་ཚོགས་པ་དེས་མ་དངུལ་གྲབས་གསོག་ཀྱིས་གྲི་དང་རླངས་སྣུམ་སོགས་ཉེས་གསོག་ལག་ཆ་ཉོ་སྒྲུབ་བྱས་ནས་ཉེས་པ་གསོག་ས་ཐེངས་མང་འཚལ་ཡོད་པ་རེད།

སྤྱི་ཟླ6པའི་ཚེས25ཉིན་སྤྱི་བདེ་ལས་ཁུངས་ནས་ཉེས་གསོག་གི་ཁུངས་སྣེར་གཞིགས་ནས་ཚོགས་པ་དེའི་ཁོངས་མི་གཅིག་འཛིན་བཟུང་བྱས་པ་རེད། ཨེ་ཧེ་མེ་ཐེས་ཉེས་སྤྱོད་གསང་ཤོར་བྱས་ཡོང་བསམ་ནས། སྤྱི་ཚེས26ཉིན་གྱི་ཐོ་རེངས་ལ་ངན་རོགས་ཚོགས་པའི་མི་བཅོ་ལྔ་དང་མཉམ་དུ་སྔ་ཕྱིར་ཧྲེན་ཧྲན་རྫོང་ལུའུ་ཁེ་ཤིན་གྲོང་རྡལ་གྱི་མངགས་གཏོང་ཁང་དང་སྐོར་ཞིབ་ཉེན་རྟོག་རུ་འབྲིང་། གྲོང་རྡལ་སྲིད་གཞུང་། ཨར་སྐྲུན་ལས་ཡུལ། སྒེར་གྱི་ཚོང་ཁང་། སྐྲ་བཞར་མཛེས་བཟོ་ཁང་བཅས་ལ་འཇབ་རྒོལ་བྱས་པ་དང་། རླངས་འཁོར་མེར་བསྲེག་པ་དང་། སྨྱོ་ཧམ་ཆེན་པོས་སྤྱི་བདེ་ཉེན་རྟོག་དང་ཉེས་མེད་མང་ཚོགས་ལ་གྲི་བརྒྱབ་ནས་མི24བསད་པ་དང་། དེའི་ནང་ཡུ་གུར་རིགས་ཀྱི་མི16དང་རྒྱ་རིགས་མི8ཡོད་ཅིང་དེའི་དག་ཁྲོད་བུད་མེད་༢ཡོད་པ། གཞན་ཡང་མི་གཞན་དག21ལ་རྨས་སྐྱོན་བཟོས་ཡོད་པ་རེད།

ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་། མི་ངན11རང་སར་བསད་པ་དང་མི་བཞིར་རྨས་སྐྱོན་ཕོག་ནས་འཛིན་བཟུང་བྱས་པ། གྲི་དང་རླངས་སྣུམ་བླུགས་ས་སོགས་ཉེས་གསོག་ལག་ཆ་ཁག་ཅིག་འཕྲོག་ཡོད་པ་རེད།

མང་ཚོགས་ནས་ཐེར་འདོན་བྱས་པ་བརྒྱུད། བྲོས་བྱོལ་ཕྱིན་པའི་ཉེས་ཅན་པ་མཐའ་མ་སྟེ། དབྱི་པུའུ་ལ་དབྱིན་ཨེ་ལེ་སྤྱི་ཟླ6པའི་ཚེས30ཉིན་འཛིན་བཟུང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག