མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲ་སྦྲེལ་ཁེ་ལས་ཀྱིས་དྲ་ཐོག་ཆ་འཕྲིན་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-02 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཡོངས་ཚུལ་མིན་འདོད་སྲེད་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། དྲ་ཐོག་གཙང་སེལ་གྱི་བྱ་སྤྱོད་སྤེལ་ཚུན་དུ་ས་གནས་ཁག་གིས་ཚུལ་མིན་འདོད་སྲེད་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་མཁན་ལས་དོན་སྡེ་ཁག་གིས་ནུས་ཡོད་ཀྱི་བྱ་ཐབས་བཟུང་ནས་རྒྱལ་ཡོངས་ཀྱི་གཙོ་གནད་དྲ་ཚིགས་དང་ཚོང་ལས་དྲ་ཚིགས་ཀྱིས་ལས་རིགས་རང་གཅུན་གྱི་འདུ་ཤེས་ཟམ་མི་ཆ་དང་། རང་བཤེར་རང་བསྲང་གི་ཆུ་ཚད་དང་ནུས་པ་མཐོ་རུ་བཏང་ནས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ནང་དོན་དོ་དམ་མ་ལག་དང་ཆེད་ལས་ཆ་འཕྲིན་བདེ་འཇགས་དཔུང་ཁག་རིམ་བཞིན་འཛུགས་དགོས། རྒྱལ་ཡོངས་ཚུལ་མིན་འདོད་སྲེད་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཆེད་དོན་ཚོ་ཆུང་གི་འགོ་འཛིན་གཞོན་པ་ལི་གྲང་ཅང་གིས་ས་གནས་ཁག་ནས་དྲ་ཐོག་གཙང་སེལ་ཐད་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ། ཚུལ་མིན་འདོད་སྲེད་ཀྱི་བརྙན་མཐོང་དང་ཆ་འཕྲིན་བཟོ་ཚོང་དང་བརྒྱུད་སྤེལ་བྱེད་མཁན་ཁེ་ལས་དང་མི་སྒེར་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ཉེས་དོན་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། དུས་མཚུངས་དྲ་ཚིགས་དང་རྨང་གཞིའི་གློག་འཕྲིན་ཁེ་གཉེར་བྱེད་མཁན་ཁེ་ལས་སོགས་ཀྱི་ཁྲོམ་རའི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ནས་ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་། དྲ་ཐོག་གཙང་སེལ་བྱ་སྤྱོད་སྤེལ་བ་དང་དུས་མཚུངས་མུ་མཐུད་དྲ་ཐོག་གི་ཚུལ་མིན་འདོད་སྲེད་གཙང་སེལ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི་ལས་ཀའི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག