མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཝུན་ལའེ་རྒྱལ་ཁབ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-02 11:01

01.jpg

                སྤྱི་ཟླ7པའི་ཚེས1ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་སྤྱི་ཟླ7པའི་ཚེས1ཉིན་ཝུན་ལའེ་རྒྱལ་ཁབ་ཀྱི་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་ལ་མཇལ་འཕྲད་གནང་།

  ཝང་དབྱི་ཡིས་ཟླ་སྔོན་མར། ཀྲུའུ་ཞི་ཞི་ཅིན་ཕེན་དང་ཙུང་ཐུང་ཨོ་པ་གཉིས་ཀྱིས་ཨན་ན་པའོ་ཀི་གཞིས་ཀ་ནས་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་མཛད་དེ། མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཆེན་པོའི་བར་གྱི་འབྲེལ་བ་གསར་བ་འཛུགས་པར་འབད་བརྩོན་བྱེད་རྒྱུར་འཐད་པ་བྱུང་བ་དང་། དུས་སྐབས་གསར་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་དུ་སྤེལ་བར་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཟེར།

  ཝང་དབྱི་ཡིས་བསྟན་དོན། རྒྱལ་ཁབ་ཆེན་པོའི་བར་འབྲེལ་བ་གསར་བ་འཛུགས་པ་དེ་ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་དུ་བཅོས་སྐྱོང་བྱེད་རྒྱུ་མིན་པར། ཕན་ཚུན་གྱི་ཁྱད་སྟོབས་ཁ་གསབ་དང་། རང་ནུས་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཆེན་པོའི་བློ་སྤོབས་ངོམ་པ་དང་། སྒོ་ཀུན་ནས་མཉམ་ལས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀས་ངེས་པར་དུ་རྒྱལ་སྤྱིའི་འགན་འཁྲི་ཁུར་དུ་ལེན་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་མགོ་གཙོ་བར་གྲོས་ཁ་འཆམ་པའི་ཐུན་མོང་ལྟ་བ་ངེས་པར་དུ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཕན་ཚུན་བར་འཁྲུག་རྩོད་མི་འབྱུང་བ་དང་། ཕན་ཚུན་ལ་བརྩི་འཇོག། མཉམ་ལས་མཉམ་རྒྱལ་གྱི་དགོངས་དོན་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱས་ཏེ། ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། མཉམ་ལས་ཟབ་མོ་བྱེད་པ། རྩོད་གཞི་ཐག་གཅོད་ལེགས་པོ་བྱེད་དགོས། རྗེས་སོར་ཕྱོགས་གཉིས་ཀས་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ། ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་བརྗེ་རེས་མཉམ་དུ་ལེགས་པོར་སྒྲུབ་ནས། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་མཉམ་དུ་བཏོད་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་དགོས།

  ཁི་ལིས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་། དག་གཙང་ནུས་ཁུངས་སོགས་གནད་དོན་ཐད་ནས་མཉམ་ལས་བྱེད་འདོད་ཡོད་ཟེར།

  ཝང་དབྱི་ཡིས་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་མཚམས་སྦྱོར་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་བཅས་པའི་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོང་བྱེད་པར་བརྩི་འཇོག་བྱེད་དགོས་ཟེར། ཝང་དབྱི་ཡིས་ད་དུང་ཨ་མེ་རི་ཁ་ཕྱོགས་ལ་ཐེ་ཝན་དང་། བོད་དང་ཞིན་ཅང་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་པར་གཟབ་གཟབ་བྱེད་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག