མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་ཁུལ་ཁག་དང་སྡེ་ཁག་ཚན་པ་ཁག་བཅས་ཀྱིས་སློབ་གསོའི་ལག་ལེན་བྱེད་སྒོ་ཁག་དང་པོ་ལག་བསྟར་བྱ་རྒྱུར་གྲ་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་སློབ་གསོའི་བྱེད་སྒོའི་ལས་དོན་ཚོགས་འདུ་འཚོགས་རྗེས་ས་ཁུལ་ཁག་དང་སྡེ་ཁག་ཁག ཚན་པ་ཁག་བཅས་ཀྱིས་འཕྲལ་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་ཏེ། སློབ་གསོའི་ལག་ལེན་བྱེད་སྒོ་ཁག་དང་པོ་ལག་བསྟར་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་པ་རེད།

མིག་སྔར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གྱི་གྲོས་ཚོགས་འཚོགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ཅིག་གི་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་རྒྱ་སྐྱེད་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་པའི་སློབ་སྦྱོང་ཚོགས་འདུ། ཆེད་དོན་སློབ་སྦྱོང་གྲོས་ཚོགས་སོགས་སྐོང་འཚོགས་བྱས་ཏེ། ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་ཁག་དང་། མི་དམངས་ཚོགས་པ་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ཁག ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་ལས་ཁུངས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་མཐོ་རིམ་སློབ་གྲྭ་བཅས་ཚང་མས་ཏང་ཨུད་གྲོས་ཚོགས་དང་། ཏང་ཨུད་ཀྱི་རྒྱ་སྐྱེད་གྲོས་ཚོགས་སྐོང་འཚོགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད་པ་རེད།

ས་ཁུལ་ཁག་དང་སྡེ་ཁག་ཁག ཚན་པ་ཁག་བཅས་ཀྱིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ཚན་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་བྱེད་སྒོར་ཞུགས་རྒྱུའི་ཞིབ་ཕྲའི་ལས་དོན་ཇུས་གཞིར་ཞིབ་འཇུག་གཏན་འབེབས་བཟོ་སྐབས་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མིག་དཔེ་དང་དཔེ་སྟོན་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད་པ་རེད། ཐན་ཅིན་དང་། ཅི་ལིན། བོད་ལྗོངས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་དགུའི་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་ལས་དོན་ཇུས་གཞི་གཏན་འབེབས་བཟོས་ཏེ། མཉམ་སྡེབ་སློབ་སྦྱོང་དང་། བསམ་འཆར་བསྡུ་ལེན། གནད་དོན་འཚོལ་བ། ཆེད་དོན་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ། ལེགས་བཅོས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་སོགས་ཀྱི་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྤྱི་ཟླ7པའི་ཟླ་སྟོད་དུ་ལས་དོན་གྲོས་ཚོགས་འཚོགས་ཏེ་སྐུལ་སློང་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད། སྤྱི་ཟླ7པའི་ཚེས15ཉིན་གྱི་གོང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ཁག་དང་། མི་དམངས་ཚོགས་པ་ཁག་གི་སྐུལ་སློང་བཀོད་སྒྲིག་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག