མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ལས་རིགས་སློབ་གྲྭ་ཆེ་ཁག་གི་རྩལ་ནུས་འགྲན་བསྡུར་ཆེན་པོ་མཇུག་སྒྲིལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ6པའི་ཚེས28ཉིན་ཐན་ཅིན་དུ་མཇུག་སྒྲིལ་བའི་རྒྱལ་ཡོངས་ལས་རིགས་སློབ་གྲྭ་ཆེ་ཁག་གི་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཐོག་ནས་ཤེས་རྟོག་བྱུང་བར། མིག་སྔའི་བར་སླེབས་དུས་རྒྱལ་ཡོངས་སུ་ཁྱོན་ཞིང་ལྗོངས་དང་གྲོང་ཁྱེར13གྱིས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མར་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2009ལོར་རྒྱལ་ཁབ་ཀྱིས་འབྲིང་རིམ་ཆེད་ལས་སློབ་གྲྭར་རིམ་བཞིན་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་འགོ་འཚུགས་ཡོད་པ་རེད། སྤྱི་ལོ2012ལོའི་སྟོན་ཀའི་སློབ་དུས་རིང་། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་མི་དགོས་པའི་ཁྱབ་ཁོངས་གྲོང་གསེབ་ཀྱི་སློབ་མ་ཡོད་ཚད་དང་གྲོང་ཁྱེར་གྱི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཆེད་ལས་སློབ་མ། དེ་བཞིན་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་བཅས་ཀྱི་བར་རྒྱ་སྐྱེད་བཏང་ཡོད་པ་རེད།

དེ་དང་དུས་མཚུངས་ཞིང་ལས་དང་འབྲེལ་བ་ཡོད་པའི་ཆེད་ལས་སློབ་མ་དང་ཞིང་ལས་དང་འབྲེལ་བ་མེད་པའི་ཆེད་ལས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་རྒྱལ་ཁབ་ཀྱི་སློབ་སྐྱོར་བྱ་དངུལ་གྱི་ཁ་གསབ་སྤྲད་ཡོད་པ་རེད།

མིག་སྔར་ཞིང་ལྗོངས་དང་གྲོང་གསེབ། གྲོང་ཁྱེར་བཅུ་གསུམ་ཏེ། ནང་སོག་དང་ཧྲན་ཤིའི། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧའི་ནན། གྲུང་ཆིང་། ཟི་ཁྲོན། ཀུའེ་ཀྲའུ། མཚོ་སྔོན། ཉིང་པོ། ཤ་མན། ཧྲེན་ཀྲེན་བཅས་ལ་སློབ་ཡོན་མི་དགོས་པའི་སྲིད་ཇུས་དེ་འབྲིང་རིམ་ལས་རིགས་སློབ་མ་ཡོད་ཚད་ལ་རྒྱ་སྐྱེད་བཏང་ཡོད་པ་རེད།

གོམ་སྟབས་རྗེས་མར་རྒྱལ་ཁབ་ཀྱིས་ལས་རིགས་སློབ་གསོའི་འགྲོ་གྲོན་བརྟན་པོ་དང་འཕར་སྣོན་ཡོང་བའི་སྒྲིག་གཞི་རིམ་བཞིན་འཛུགས་རྒྱུ་རེད། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་བཅུ་གཅིག་གིས་ལས་རིགས་སློབ་གྲྭ་ཆེ་ཁག་ཚང་མར་གྲོན་དངུལ་གཏོང་རྒྱུའི་ཚད་གཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། ཆོད་ཉིད་ལྡན་པའི་ངང་སློབ་གྲྭ་གཉེར་རྒྱུ་འགན་སྲུང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག