མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ10བསྟུད་མར་ལོ་རེར་ཆ་སྙོམས24%འཕར་སྣོན་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས27ཉིན། རྒྱལ་ཁབ་ནགས་ལས་ཅུས་འཆར་གཞི་ནོར་དོན་སིའི་སི་ཀྲང་གཞོན་པ་སུན་ཅན་གྱིས། དུས་རབས་གསར་པ་ཤར་ཚུན་དུ་ནགས་ལས་ཐོན་ལས་གོང་འཕེལ་མགྱོགས་པོ་བྱུང་བ་དང་རྒྱལ་ཡོངས་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལོ10བསྟུད་མར་ཆ་སྙོམས་ལོ་རེར24%འཕར་སྣོན་བྱུང་ཡོད་ཅེས་གསུངས།

སུན་ཅན་གྱིས་སྤྱི་ལོ2013ལོའི་རྒྱལ་ཁབ་རིམ་པའི་ནགས་ལས་གཙོ་གནད་འགྲེམས་ཚོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་རིང་། རང་རྒྱལ་གྱིས་ནགས་ལས་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་སྟོབས་ཆེར་བཏང་ནས་ནགས་འོག་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་ནགས་ལས་སྨན་རྫས་དང་ནགས་ལས་འབུ་ཕྲ། ནགས་ལས་སྔོ་ཚལ། ནགས་ལས་འབྲོག་ལས་སོགས་གསར་སྤེལ་དང་ཁོར་སྐྱོད་བེད་སྤྱོད་གཏོང་ཐབས་ཁྱབ་གདལ་གཏོང་རྒྱུར་སྐུལ་ལྕག་བཏང་བས་རིང་འབྲིང་ཐུང་གསུམ་སྟབས་བསྟུན་ཟུང་འབྲེལ་དང་གོང་བར་འོག་ཕྱོགས་བསྡུས་བེད་སྤྱོད་ཐུབ་པ། ནགས་ལས་དང་ཞིང་ལས། འབྲོག་ལས་བཅས་གཅིག་བསྡུས་ཚོང་གཉེར་བྱེད་རྒྱུ་མངོན་འགྱུར་ཐུབ་པ་དང་ནགས་ས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་དང་ཐོན་སྐྱེད་བྱེད་ཚད་མཐོ་རུ་ཕྱིན་པ། ཞིང་པ་དུས་ཐུང་ནང་ཡོང་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད། སྤྱི་ལོ2020ལོར་སླེབས་སྐབས། ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་དགུ་ཟིན་རྒྱུ་ཡིན་པ་དང་སྤྱི་ལོ2010ལོ་དང་བསྡུར་ན་ལྡབ་བཞི་འཕར་རྒྱུ་རྒྱུ་རེད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག