མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་ནས་ལོ་ལྟར་ས་ཁུལ་གསུམ་ལ་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་བདམ་གསེས་དང་གསོ་སྐྱོང་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-07-01 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2013ལོ་ནས་སྤྱི་ལོ2020ལོའི་བར། རྒྱལ་ཁབ་ནས་ལོ་ལྟར་ཐག་རིང་དབུལ་ཕོངས་ས་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞི་རྙིང་པའི་ས་ཁུལ་་བཅས་ལ་མི1000འདེམས་གཏོང་བྱེད་རྒྱུ་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ500གསོ་སྐྱོང་བྱེད་རྒྱུ་ཡིན་པ་རེད།

སྤྱི་ཟླ6པའི་ཚེས27ཉིན། རྒྱལ་ཡོངས་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣས་ས་ཁུལ་ལ་ཞབས་ཞུ་བྱེད་རྒྱུའི་འཆར་གཞི་ལག་བསྟར་ལས་དོན་དང་སྤྱི་ཚོགས་ལས་དོན་གྱི་འཇོན་ནུས་མཐོར་གཏོང་ཟབ་སྦྱོང་འཛིན་གྲྭ་དེ་ལན་ཀྲའུ་རུ་གཉེར་ཡོད་པ་རེད། དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཏས་ཅུན་ལེའང་གིས། ས་ཁུལ་གསུམ་གྱི་འཆར་གཞི་ལག་བསྟར་བྱེད་པ་དང་ཐག་རིང་དབུལ་ཕོངས་ས་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་རྟེན་གཞི་རྙིང་པའི་ས་ཁུལ་་བཅས་ཀྱི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་གོང་འཕེལ་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་ཆེད་ལས་ཀྱི་སྤྱི་ཚོགས་ལས་དོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེས་ས་ཁུལ་དེ་དག་གིས་སྤྱི་ཚོགས་ཞབས་ཞུའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་དོ་དམ་གསར་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་འདུག

ད་ལོ་ནི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣས་ས་ཁུལ་གསུམ་ལ་ཞབས་ཞུ་བྱེད་རྒྱུའི་འཆར་གཞི་ལག་བསྟར་བྱེད་པའི་ལོ་དང་པོ་དེ་ཡིན་པ་དང་ས་གནས་ཁག་གིས་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལག་བསྟར་བྱེད་སྟངས་མི་འདྲ་བ་སྟབས་བསྟུན་གྱིས་འདེམས་བཞིན་ཡོད་པ་རེད། དཔེ་ཆ་བཞག་ན། ཤིན་ཅང་གིས་ཕྱི་རོལ་ནས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བརྒྱུད་པེ་ཅིན་དང་གོང་ཏུང་། ཧྲེན་ཀྲེན། ཁྲང་ཁྲུན་སོགས་ས་ཁུལ་ལ་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ60འདེམས་གཏོང་བྱས་པས་ཚད་གཞི་ངེས་གཏན་ཐོག་ནས་ཤིན་ཅང་གི་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་མི་འདེང་བའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད། ད་ལོ་ཀན་སུའུ་དང་ཉིང་ཤ། མཚོ་སྔོན་སོགས་ཞིང་ཆེན་གྱིས་སྲིད་གཞུང་གི་ལས་གནས་སམ་རྣམ་གྲངས་ཞབས་ཞུ་ཉོ་བའི་རྣམ་པ་སྤྱད་ནས་དམངས་བཙུགས་སྤྱི་ཚོགས་ལས་དོན་ཞབས་ཞུའི་ལས་ཁུངས་བསྡུ་བ་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ནས་རོགས་སྐྱོར་བྱེད་ཁུལ་ས་ཁུལ་ལ་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད། ས་ཁུལ་རེ་འགས་ད་དུང་ཞིང་ཆེན་སྲིད་གཞང་གནས་སའི་གྲོང་ཁྱེར་དང་ལྟེ་བའི་གྲོང་ཁྱེར་གྱིས་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་མི་སྣ་རོགས་སྐྱོར་བྱེད་ཁུལ་ས་ཁུལ་ལ་འདེམས་གཏོང་བྱས་ནས་ཞབས་ཞུ་་སྒྲུབ་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག