མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཆད་ཁྲིད་ཐེངས་ལྔ་བ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-01 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ6པའི་ཚེས29ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཡིག་ལ་རྒྱལ་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དོན་སྙིང་ཞེས་པའི་འཆད་ཁྲིད་ཐེངས་ལྔ་བ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་འཆད་ཁྲིད་ལ་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲིན་ཁྲོང་ཡའོ་ཡིས་ལམ་ལུགས་འཛུགས་སྐྲུན་དོན་སྙིང་ཐད་ཀྱི་ཁྲིམས་སྐྱོང་དང་འཕེལ་རྒྱས་དམིགས་འབེན་དོན་སྙིང་ཐད་ཀྱི་ཁྲིམས་སྐྱོང་། རྒྱལ་སྐྱོང་སྲིད་འཛིན་རྣམ་པའི་དོན་སྙིང་ཐད་ཀྱི་ཁྲིམས་སྐྱོང་བཅས་ཕྱོགས་གསུམ་ནས་རྒྱལ་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཁྲོད་ཀྱི་ཁྲིམས་སྐྱོང་གི་དོན་སྙིང་དང་ཁྲིམས་སྐྱོང་གིས་ང་ཚོར་བཏོན་པའི་རེ་བ་སོགས་སྒྲོག་འགྲེལ་བྱས།

ཧྲིན་ཁྲོང་ཡའོ་ཡིས་བལྟས་ན། ཁྲིམས་སྐྱོང་གི་དོན་སྙིང་གཙོ་བོ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅའ་ཁྲིམས་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་དགོས་པར་མ་ཟད་ལག་བསྟར་བྱེད་རྒྱུ་དེ་ཡིན་པ་དང་། གཞི་རྩའི་རེ་བ་ནི་ཁྲིམས་ལ་བརྟེན་ས་ཡོད་པ་དང་ངེས་པར་དུ་ཁྲིམས་ལ་བརྟེན་དགོས་ལ། ཁྲིམས་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཁྲིམས་དང་འགལ་ན་རྩད་གཅོད་ནན་མོ་བྱེད་དགོས་པ་དེ་ཡིན་པར་འདོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག