མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མིན་ཅན་ཀྲུའུ་ཡིས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་པོ་ངེས་པ་དོན་གྱིས་ཁུར་དུ་ལེན་དགོས་པ་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-07-01 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མིན་ཅན་ཀྲུའུ་དང་། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁོང་གཉིས་ཀྱིས་སྤྱི་ཟླ6པའི་ཚེས30ཉིན་ཞིན་ཅང་ཧི་ཐེན་དང་། ཨ་ཁུ་སུའུ་ས་ཁུལ་གཉིས་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། སྤྱི་བདེ་མི་དམངས་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག་ལ་ཁམས་འདྲི་བྱས་པ་དང་། ཡུལ་དངོས་ནས་ཀྲུང་དབྱང་གི་ཞིན་ཅང་གི་བརྟན་འཇགས་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱས་པའི་སྐོར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས།

མིན་ཅན་ཀྲུའུ་ཡིས་ཞིན་ཅང་གི་བརྟན་འཇགས་དེ་རྒྱལ་ཡོངས་ཀྱི་བརྟན་འཇགས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་འབྲེལ་བ་ཡོད་པས། རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྡུག་ཆེས་གཙིགས་སུ་འཛིན་པའི་སྙིང་སྟོབས་ལ་བརྟེན་ནས། རྩུབ་སྤྱོད་འཇིགས་སྐུལ་ནག་ཉེས་བཟོ་བར་ཁྲིམས་ལྟར་ཆབ་ཕབ་དྲག་པོ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་འགོག་སྲུང་བྱ་བར་ཤུགས་སྣོན་པ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་འགན་འཁྲི་དང་པོ་ངེས་པ་དོན་གྱིས་ཁུར་དུ་བླངས་ཏེ། མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་། རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིབ་བཤེར་མཛུབ་སྟོན་བྱེད་སྐབས། གོ་ཧྲིན་ཁོང་གིས་དོན་རྐྱེན་བྱུང་ས་བརྟན་སྲུང་བྱས་ཡོད་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་ཁམས་འདྲི་བྱས་པ་དང་། ཉེན་རྟོག་པའི་སྤྱོད་པའི་སྒྲིག་ཆས་དང་མཚོན་ཆ་སྒྲིག་སྦྱོར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག