མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:02

02.jpg

    ཟླ6པའི་ཚེས28ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཟླ6པའི་ཚེས28ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ལ་མཇལ་འཕྲད་གནང་།ཀྲང་ཏི་ཅང་གིས་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ཏེ་ལོ་ཉེར་གཅིག་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་དེ་བྱ་འཕུར་བ་ལྟར་འཕེལ་རྒྱས་མགྱོགས་པོ་བྱུང་། རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱི་མགོ་ཁྲིད་པའི་འགྲོ་འོངས་ཇེ་མང་ཡིན་པ་དང་། དུས་བཅད་བརྗེ་རེས་ལམ་ལུགས་དང་། གྲོས་མི་མཛའ་མཐུན་ཚན་ཆུང་སོགས་མཉམ་ལས་སྟེགས་བུ་བརྒྱུད་དེ་མཛའ་མཐུན་འགྲོ་འོངས་དང་དངོས་གཉེར་མཉམ་ལས་བྱེད་པར་ཤུགས་བསྣན་པས། ཀྲུང་གོ་དང་ཧན་གོའི་འབྲེལ་བ་གོང་དུ་སྤེལ་བར་ནུས་པ་གལ་ཆེན་པོ་ཐོན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ད་ཡོད་ཀྱི་རྨང་གཞི་བཟང་བོའི་སྟེང་དུ། ཧན་གོའི་རྒྱལ་ཚོགས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཤུགས་སྣོན་དང་། གྲོས་ཁང་བར་མཉམ་ལས་བྱེད་པའི་ཐབས་ལམ་གསར་བ་འཚོལ་ཞིབ། གྲོས་ཁང་བར་མཉམ་ལས་བྱེད་པའི་གྲུབ་འབྲས་གསར་བ་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་ཀའི་མགོ་གཙོའི་བར་གྲོས་ཁ་འཆམ་པའི་ཐུན་མོང་གི་ལྟ་བ་གསར་བ་དངོས་འབེབས་བྱེད་པར་ཡར་སྐུལ་བཏང་ནས། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག