མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་སྨན་རྫས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སྨན་རྫས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས28ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། སྨན་རྫས་བཅོས་སྒྱུར་ནི་མང་ཚོགས་ཀྱི་འཚོ་བར་ཕན་བདེ་བསྐྲུན་པ་དང་མང་ཚོགས་ཀྱི་འདོད་བློ་དང་འཚམ་པའི་དོན་དག་གལ་ཆེན་ཞིག་ཀྱང་ཡིན། སྐོར་ཐེངས་གསར་བའི་སྨན་རྫས་བཅོས་སྒྱུར་བྱས་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འབྲེལ་ཡོད་ཕྱོགས་སོ་སོས་ནན་ཏན་སྒོས་བྱ་བ་བསྒྲུབས་པ་དང་དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་སྨན་རྫས་བཅོས་སྒྱུར་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པས་བདག་གི་ཚབ་བྱས་ནས་ཚང་མར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཞུ་དགོས། སྨན་རྫས་བཅོས་སྒྱུར་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཞིག་ཡིན་པས་རྒྱུན་མཐུད་ལྷོད་མེད་སྒོས་འབད་བརྩོན་བྱེད་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ངེས་པར་དུ་སྨན་རྫས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་མང་ཚོགས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལས་འགན་གལ་ཆེན་དུ་འཇོག་པ་དང་། གཞི་རྩ་འགན་སྲུང་དང་གཞི་རིམ་སྟོབས་ལྡན་དུ་གཏོང་བ། ནང་རྐྱེན་འཛུགས་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ལ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་དེ་སྤྱི་བའི་ཐོན་རྫས་བྱས་ནས་དམངས་ཡོངས་ལ་འདོན་སྤྲོད་བྱེད་དགོས་པ་དང་། ཧུར་ཐག་སྒོས་མི་དམངས་ཡིད་ཚིམས་པའི་སྨན་བཅོས་འཕྲོད་བསྟེན་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག