མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀིར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-30 11:01

000.jpg

    ཟླ6པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀིར་མཇལ་འཕྲད་གནང་བ། 

00.jpg

    ཟླ6པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀིར་མཇལ་འཕྲད་གནང་བ། 

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས28ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀིར་མཇལ་འཕྲད་གནང་།

    ལིས་ཁི་ཆང་གིས་ཅི་ཞིན་ཀི་ཀྲུང་གོར་ཡོང་སྟེ་སྐབས་གསུམ་པའི་འཛམ་གླིང་ཡོངས་ཀྱི་རིག་མཛོད་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་དགའ་བསུ་ཞུས་པ་དང་། ཅི་ཞིན་ཀི་ཡིས་རིག་མཛོད་མཐོ་རིམ་གྲོས་ཚོགས་ཀྱི་སྐུ་མགྲོན་ཞིག་གི་ཚུལ་གྱིས་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལྟ་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་ཡོད་ལ། འཛམ་གླིང་དཔལ་འབྱོར་འཛམ་གླིང་ཅན་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན། ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་བཅས་སུ་འགྲོ་བ་ནི་འཕེལ་ཕྱོགས་གཙོ་བོ་ཞིག་ཡིན་པས། ཀྲུང་གོ་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

    ཅི་ཞིན་ཀི་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་ལ་དོན་སྙིང་གལ་ཆེན་ལྡན་པས། ཁོས་རང་ཉིད་ཀྱིས་འཛམ་གླིང་ཡོངས་ཀྱི་རིག་མཛོད་མཐོ་རིམ་གྲོས་ཚོགས་ཐད་ལ་མུ་མཐུད་དུ་ནུས་པ་འདོན་འདོད་ཡོད་ཟེར།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག