མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་ནས་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-06-30 11:01

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ།

    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་།

    གྲོས་ཚོགས་སྟེང་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་དང་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

    གྲོས་ཚོགས་སྟེང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་རྩ་འཛུགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་མཉམ་འབྲེལ་སྒོས་སྤེལ་བའི་སྐོར་གྱི་གོ་རིམ་གྲོས་ཆོད་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་ཁོངས་རྩ་འཛུགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་མཉམ་འབྲེལ་སྒོས་སྤེལ་བའི་སྐོར་གྱི་གོ་རིམ་གྲོས་ཆོད་ལ་སོ་སོར་བརྡས་ཐག་བཅད་དེ་ཆོག་མཆན་བཀོད།

    གྲོས་གཞི་སོ་སོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་རྗེས། ཀྲང་ཏེ་ཅང་གིས་གསུང་བཤད་གནང་། ཁོས་གིས་གསུངས་རྒྱུར། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་ཞིབ་ནན་མོ་བྱས་རྗེས་རིག་དངོས་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་གཏན་ལ་ཕབ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དེ་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་མར་སྤྲོད་པ། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ། ཞབས་ཕྱི་བཟང་བོ་སྒྲུབ་པ། ལྟ་སྐུལ་དོ་དམ་གཙིགས་འཛིན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་བཅས་བྱེད་དགོས་པའི་རེ་བ་བཏོན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག