ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚེས་29ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཞི་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ་བཅུ་གཉིས་ལ་འགན་བསྐོས་ཡི་གེ་གནང་།
ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཙུགས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་ཡིན་ལ། དེར་ཁོངས་མི་བཅུ་གཉིས་ཡོད་པ་དང་། ནང་ལོག་གི་མི་སྣ་དྲུག་དང་ཞང་ཀང་གི་མི་སྣ་དྲུག་ལས་བཙུགས་གྲུབ་པ་རེད། འགན་འཁུར་ཡུན་ལོ་ལྔ་རེད།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཅན་གོ་ཡིས་འགན་བསྐོས་ཡི་གེ་གནང་བའི་མཛད་སྒོར་མགོ་འཛིན་བྱས། །