མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་སྐབས་གཉིས་བའི་ཀྲུང་གོ་དང་སུའུ་ཏན་སྲིད་འཛིན་ཏང་གི་མཐོ་རིམ་གྲོས་མོལ་ལ་ཞུགས་པའི་སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-29 10:39

 777.jpg

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་སྐབས་གཉིས་བའི་ཀྲུང་གོ་དང་སུའུ་ཏན་སྲིད་འཛིན་ཏང་གི་མཐོ་རིམ་གྲོས་མོལ་ལ་ཞུགས་པའི་སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲགནང་། པར་འདི་ནི་ལིག་ཡུན་ཧྲན་གྱིས་སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་གཞོན་པ། ཙུང་ཐུང་གི་ལས་རོགས་པ་ན་ཧྥེ་ཨ་ལ་ཕྱག་འཇུ་གནང་བའི་ཚུལ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས27ཉིན་པེ་ཅིན་ནས་སྐབས་གཉིས་བའི་ཀྲུང་གོ་དང་སུའུ་ཏན་སྲིད་འཛིན་ཏང་གི་མཐོ་རིམ་གྲོས་མོལ་ལ་ཞུགས་པའི་སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སུའུ་ཏན་བར་ལ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མདུན་དུ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ཐུན་མོང་གི་ལས་འགན་གནས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཏན་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་སུའུ་ཏན་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཏང་བར་གྱི་འབྲེལ་བ་ནི་རྒྱལ་ཁབ་བར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གིས་སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་བར་གྱི་འབྲེལ་འདྲིས་ལ་སྔར་ལས་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཡུན་རིང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

    སུའུ་ཏན་རྒྱལ་ཡོངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་གཞོན་པ། ཙུང་ཐུང་གི་ལས་རོགས་པ་ན་ཧྥེ་ཨ་ཡིས་བཤད་རྒྱུར། ཀྲུང་གོ་ནི་སུའུ་ཏན་དང་ཧྥེ་གླིང་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པའི་རྒྱལ་ཁབ་ཡིན་པ་དང་། སུའུ་ཏན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ཀྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོས་སྲོག་ཤིང་ཁེ་ཕན་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག