མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། ལོ་ཙཱ་བ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-06-29 09:53

05.jpg

    ཟླ6པའི་ཚེས27ཉིན། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་གྲོས་མོལ་མཛད། གྲོས་མོལ་མཛད་རྗེས། ཞི་ཅིན་ཕེན་དང་ཕེའོ་ཅིན་ཧོས་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། 

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ6པའི་ཚེས27ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་གྲོས་མོལ་མཛད། གྲོས་མོལ་མཛད་རྗེས། ཞི་ཅིན་ཕེན་དང་ཕེའོ་ཅིན་ཧོས་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀའི་མགོ་གཙོས་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་དགོངས་འཆར་བརྗེ་རེས་མཛད་པར་ལྟ་བ་ཡོངས་ཁྱབ་ཏུ་གཅིག་མཐུན་བྱུང་།ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧན་གོའི་བར་འབྲེལ་བ་བཙུགས་ཏེ་ལོ་ཉེར་གཅིག་འགོར་བའི་རིང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་གོང་དུ་སྤེལ་བའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཁེ་བཟང་བསྐྲུན་ལ། རང་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་བརྟན་འཇགས་ཡོང་བར་ཡང་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་གོང་དུ་སྤེལ་བར་གཙིགས་འཛིན་བྱས་ཏེ། ཀྲུང་གོ་དང་ཧན་གོའི་བར་གྱི་འབྲེལ་བ་དེ་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་གོ་གནས་གཙོ་བོར་འཇོག་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་ལྷན་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་རྒྱང་རིང་འཕེལ་རྒྱས་འཆར་འགོད་ལེགས་པོ་བྱས་ཏེ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་སྒོ་ཀུན་ནས་སྤེལ་འདོད་ཡོད་ཅེས་བསྟན།གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕེན་དང་ཕེའོ་ཅིན་ཧོས་གཉིས་ཀས་མཉམ་དུ་ཀྲུང་གོ་དང་ཧན་གོའི་ན་གཞོན་འཐུས་ཚབ་ལ་མཇལ་འཕྲད་གནང་བ་དང་། དཔལ་འབྱོར་ཉོ་ཚོང་དང་། དངུལ་རྩ། ཚན་རྩལ། ནུས་ཁུངས་གྲོན་ཆུང་། རྒྱ་མཚོའི་ཚན་རིག་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆའི་སྟེང་མིང་འགོད་པར་བདེན་དཔང་བྱས།གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཕེའོ་ཅིན་ཧོས་ཀྲུང་གོར་འཚམས་འདྲིར་ཡོང་བའི་དགའ་བསུ་མཛད་སྒོ་བསྡུས།

02.jpg
འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ཕེའོ་ཅིན་ཧོས་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུའི་མཛད་སྒོ་བསྡུ་བའི་ཚུལ་རེད།
04.jpg
འདི་ནི་གྲོས་མོལ་གྱི་རྗེས་སུ། ཞི་ཅིན་ཕེན་དང་ཕེའོ་ཅིན་ཧོས་གཉིས་ཀྱི་མཉམ་དུ་ཀྲུང་གོ་དང་ཧན་གོའི་ན་གཞོན་འཐུས་ཚབ་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག