མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་སྐོར་ཐེངས་དང་པོའི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-06-29 09:53

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་བྱ་བའི་གྲོས་ཚོགས་ཀྱི་རྗེས་སུ། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་དང་གྲོས་ཚོགས་ཀྱི་དགོངས་དོན་མྱུར་དུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་པར་མ་ཟད། སྐོར་ཐེངས་དང་པོའི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་གྲ་སྒྲིག་བྱས།

    མིག་སྔར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁ་ཤས་ཀྱིས་ཏང་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་དང་རིགས་གཞུང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ། ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་བསྡུས་ནས། བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། མི་དམངས་ཚོགས་ཁག་སོ་སོ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་དང་དངུལ་ལོར་ལས་ཁུངས། མཐོ་རིམ་སློབ་གྲྭ་བཅས་ཀྱིས་ཏང་ཨུའི་ཏང་ཙུའུ་གྲོས་ཚོགས་དང་ཏང་ཨུའི་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་སོགས་ཀྱི་རྣམ་པ་བརྒྱུད་ནས་དུས་ཐོག་ཏུ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

    ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་དེ་བྱ་འགུལ་ལ་ཞུགས་པའི་བྱ་བའི་གྲོས་གཞི་ལ་ཞིབ་འཇུག་གཏན་འཁེལ་བྱེད་སྐབས། མགོ་ཁྲིད་པས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་མཚོན་པར་བྱས། ཐེན་ཅིན་དང་ཅི་ལིན། བོད་ལྗོངས་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཏང་ཨུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བའི་བྱ་བའི་གྲོས་གཞི་གཏན་འཁེལ་བྱས་པར་མ་ཟད། ཐུན་མོང་གིས་སློབ་སྦྱོང་བྱེད་པ་དང་བསམ་འཆར་བསྡུ་ལེན་བྱེད་པ། གནད་དོན་རྩད་གཅོད་པ། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་བསྡུ་བ། དག་ཐེར་བཅོས་སྒྱུར་གྱི་དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས།

    ཤེས་གསལ་ལྟར་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ཟླ་བདུན་པའི་ཟླ་སྟོད་ལ་བྱ་བའི་གྲོས་ཚོགས་བསྡུས་ནས་སྐུལ་སློང་དང་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་གྱི་སྔོན་ལ་ཀྲུང་དབྱང་ད་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། མི་དམངས་ཚོགས་ཁག་སོ་སོ་བཅས་ཀྱིས་སྐུལ་སློང་དང་བཀོད་སྒྲིག་བྱ་བ་ཕལ་ཆེར་ཡོངས་འགྲུབ་བྱེད་ངེས་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག