མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་ཁང་རྙིང་ཁུལ་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ6པའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁང་རྙིང་ཁུལ་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་འདས་བའི་ལོ་ལྔའི་གཞི་ཁྱོན་ཆེ་བའི་ཁང་རྙིང་ཁུལ་སྒྱུར་བཀོད་བྱེད་པའི་ཐད་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པའི་རྨང་གཞིའི་སྟེང་། ཕྱིན་ཆད་ཀྱི་ལོ་ལྔའི་ནང་དུ་ཡང་བསྐྱར་གྲོང་ཁྱེར་དང་རྒྱལ་དབང་བཟོ་གཏེར། ནགས་ཁུལ། ཐང་རྒོད་བཏུལ་བའི་ས་ཁུལ་བཅས་ཀྱི་ཁྱིམ་ཚང་བྱེ་བ་གཅིག་གི་ཁང་རྙིང་རིགས་སྣ་ཚོགས་སྒྱུར་བཀོད་བྱེད་རྒྱུ་དང་། དེའི་ཁྲོད་དུ2013ལོར་ཁྱིམ་ཚང་ས་ཡ་གསུམ་དང་ཁྲི་བཞིའི་ཁང་རྙིང་སྒྱུར་བཀོད་བྱེད་པའི་མཚུངས་སུ། གྲོང་ཁྱེར་གྱི་ཆ་ཚང་སྒྲིག་ཆས་དང་། སྤྱི་པའི་ཞབས་ཕྱིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། མཉམ་གཅིག་ཏུ་སྤྱོད་པར་ཁག་ཐེག་བྱེད་རྒྱུ་ཐག་བཅད།

 ཚོགས་ཐོག་ནས་ས་གནས་ཁག་དང་། སྡེ་ཁག་སོ་སོས་ཁང་རྙིང་ཁུལ་སྒྱུར་བཀོད་བྱེད་པར་གཙིགས་འཛིན་དང་དེར་ཤུགས་སྣོན་པ་དང་། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་འགན་འཁྲི་དེ་གྲོང་ཁྱེར་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ལ་སྤྲད་དེ་དངོས་འབེབས་བྱེད་དུ་འཇུག་རྒྱུ་དང་། ཁང་རྙིང་ཁུལ་སྒྱུར་བཀོད་འཆར་འགོད་ཀྱི་སྒྲིག་སྟངས་ལེགས་སྒྲིག་བྱས་ཏེ། སྡོད་དམངས་ཀྱི་ལས་ཞུགས་དང་སྨན་ཁར་སྟོན་པ། སློབ་གྲྭར་འགྲོ་བ་སོགས་ལ་སྟབས་བདེ་བསྐྲུན་རྒྱུ་དང་། བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱེད་དགོས། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། ད་ལྟའི་རྩིག་ལས་ཀྱི་གོ་སྐབས་བཟང་བོ་བདེ་སྤྱད་དེ། མ་དངུལ་དུས་ཐོག་ཏུ་འབྱོར་བར་དམ་འཛིན་དང་། ཁང་རྙིང་ཁུལ་སྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ད་ལོའི་སྒྱུར་བཀོད་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

 ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག