མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ཚན་ཆུང་བགོས་ཏེ་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་སྤྱི་ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར་ཚན་ཆུང་བགོས་ཏེ་དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གྲོས་ཞིབ་ལ་ཞུགས།

གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་མི་སྣ། ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་བཅས་ཀྱིས་དམིགས་བསལ་སྒྲིག་ཆས་བདེ་འཇགས་བྱ་བ་གཙིགས་འཛིན་བྱེད་པ་དང་། དམིགས་བསལ་སྒྲིག་ཆས་ཀྱི་ཆག་སྒོ་སྔོན་འགོག་བྱེད་པ་སོགས་ཐད་ཀྱི་ཆོད་དོན་དང་བཅའ་ཁྲིམས་ཀྱི་ལག་བསྟར་རང་བཞིན་ཇེ་ཆེར་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། དམིགས་བསལ་སྒྲིག་ཆས་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་གང་ལེགས་བྱས་པར་མ་ཟད། རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་ཀྱི་བཟོ་བཅོས་འཆར་ཟིན་གྱི་འབྲེལ་ཡོད་ནང་དོན་ཐད་ལ་གྲོས་གཞི་དང་བསམ་འཆར་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག