མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སི་ར་ལ་ཨོང་གི་ཙུང་ཐུང་ཁི་ལོ་མཱར་མཇལ་འཕྲད་གནང་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

00.jpg

  སྤྱི་ཟླ6པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྐབས་གཉིས་པའི་འཛམ་གླིང་ཞི་བདེ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་སི་ར་ལ་ཨོང་གི་ཙུང་ཐུང་ཁི་ལོ་མཱར་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྐབས་གཉིས་པའི་འཛམ་གླིང་ཞི་བདེ་གླེང་སྟེགས་སུ་ཞུགས་པར་ཡོང་བའི་སི་ར་ལ་ཨོང་གི་ཙུང་ཐུང་ཁི་ལོ་མཱར་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་བཤད་རྒྱུར། ཀྲུང་གོ་དང་སི་ར་ལ་ཨོང་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་མཛའ་མཐུན་དང་མཐུན་སྒྲིལ་རོགས་ལས་ཀྱི་འབྲེལ་བ་བཟང་བོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཐུན་མོང་གི་ཁེ་ཕན་དང་མཉམ་ལས་བྱེད་པའི་ཐད་ལ་རྒྱུན་ཆད་མེད་པར་མཐུན་རྐྱེན་བསྐྲུན་ཏེ། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ཁི་ལོ་མཱ་ཡིས་བཤད་རྒྱུར། སི་ར་ལ་ཨོང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་སི་ར་ལ་ཨོང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་རྒྱ་བསྐྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བཟང་བོ་བྱེད་འདོད་ཡོད་ལ། སི་ར་ལ་ཨོང་ཕྱོགས་ཀྱིས་དངུལ་གཏོང་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་སི་ར་ལ་ཨོང་ལ་ཡོང་སྟེ་མ་དངུལ་གཏོང་བ་དང་། གཉིས་ཕན་མཉམ་ལས་སྤེལ་བར་དགའ་བསུ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག