མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

1.jpg

  སྤྱི་ཟླ6པའི་ཚེས26ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཐ་སུའུ་ཨ་ལ་མཇལ་འཕྲད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་སྤྱི་ཟླ6པའི་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པའི་ཀྲུའུ་ཞི་ཐ་སུའུ་ཨ་ལ་མཇལ་འཕྲད་གནང་།

  ཡུས་ཀྲིན་ཧྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་ཀྱི་ཕྱོགས་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་གསར་བར་སླེབས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བར་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པར་མ་ཟད། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཕྱོགས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ནས་ཕན་ཚུན་ལ་གཞོགས་འདེགས་དང་མཉམ་ལས་དམ་ཟབ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁོང་གོ་དང་བཅས་པའི་ཧྥེ་གླིང་རྒྱལ་ཁབ་དག་དང་མཉམ་དུ་ལོ་རྒྱུས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱེད་པ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་ཧྥེ་གླིང་བར་གྱི་མཛའ་མཐུན་ལས་དོན་འཕེལ་རྒྱས་སུ་གཏང་འདོད་ཡོད། རེ་བ་ཡིན་ན་ཀྲུང་གོ་དང་ཁོང་གོ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པས་མཉམ་དུ་རྣམ་པ་སྣ་མང་གི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

  ཐ་སུའུ་ཨ་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཁོང་གོ་དཔལ་འབྱོར་སྤྱི་ཚོགས་ལས་འཛིན་ཚོགས་པས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག