མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐི་སེར་མཇལ་འཕྲད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-28 09:49

0.jpg

  སྤྱི་ཟླ6པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྐབས་གཉིས་པའི་འཛམ་གླིང་ཞི་བདེ་གླེང་སྟེགས་ལ་ཞུགས་པར་ཡོང་བའི་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐི་སེར་མཇལ་འཕྲད་གནང་བ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ6པའི་ཚེས26ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྐབས་གཉིས་པའི་འཛམ་གླིང་ཞི་བདེ་གླེང་སྟེགས་ལ་ཞུགས་པར་ཡོང་བའི་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐི་སེར་མཇལ་འཕྲད་གནང་།

  ཞི་ཅིན་ཕེན་གྱིས་བཤད་རྒྱུར། ཀྲུང་གོ་དང་སུའུ་རི་ནམ་རྒྱལ་ཁབ་གཉིས་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་སོ་བདུན་འགོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད། ཕན་ཚུན་བར་བློ་བཏོད་པའི་གྲོགས་པོ་བཟང་བོ་དང་། མཉམ་ལས་གཉིས་ཕན་གྱི་གྲོགས་པོ་བཟང་བོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་རི་ནམ་ཕྱོགས་དང་མཉམ་དུ་མཐོ་རིམ་བར་གྱི་འབྲེལ་འདྲིས་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛིན་ལས་ཁུངས། སྲིད་ཏང་། ས་གནས་བཅས་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  པའོ་ཐི་སེ་ཡིས་སུའུ་རི་ནམ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། སུའུ་ལིས་ནན་དང་ཀྲུང་གོ་བར་གྱི་འབྲེལ་བ་དང་། ཅ་ལིས་པིས་དང་ཀྲུང་གོ་དང་། ལ་ཏིན་མེས་གླེང་དང་ཀྲུང་གོ་བར་གྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག