མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཟླ6པའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-06-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ཟླ6པའི་ཚེས26ཉིན་ནས་ཚེས29ཉིན་བར་པེ་ཅིན་ནས་བསྡུ་རྒྱུ་རེད། དེའི་སྔོན་ལ་ཚོགས་པའི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་གཞིའི་གྲོས་རིམ་ལྟར། ཐེངས་འདིའི་གྲོས་ཚོགས་སྟེང་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་བཟོ་བཅོས་འཆར་ཟིན། ཚོང་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཞིབ་བྱེད་པར་སྤྲད་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅུ་གཉིས་ཀྱི་བཟོ་བཅོས་འཆར་ཟིན་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་རེད།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ལ་ད་རུང་གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲོད་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་རྩ་འཛུགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་མཉམ་འབྲེལ་སྒོས་སྤེལ་བའི་གོ་རིམ་ཆོད་དོན་སྐོར་གྱི་གྲོས་གཞི་དང་། གྲོས་ཞིབ་དང་ཆོག་མཆན་འགོད་པར་སྤྲོད་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་ཁོངས་རྩ་འཛུགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་སྦྱོང་བརྡར་མཉམ་འབྲེལ་སྒོས་སྤེལ་བའི་གོ་རིམ་གྲོས་ཆོད་སྐོར་གྱི་གྲོས་གཞི་ཡོད།

དེ་མིན་གྲོས་ཚོགས་སྟེང་ད་རུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2012ལོའི་ཀྲུང་དབྱང་སྔོན་རྩིས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་དང་། 2012ལོའི་ཀྲུང་དབྱང་ངོས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་འགོད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2012ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་བྱས་པ་དང་ནོར་སྲིད་ཡོང་སྒོ་དང་འགྲོ་སོང་གཞན་པར་ཞིབ་བཤེར་བྱས་པའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ་སོགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག