མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མས་ལས་ཀ་འཚོལ་བའི་ཁ་གསབ་ལེན་པའི་སྙན་ཞུ་ཕུལ་ན་འགྲིག

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། ནང་སོག་གིས་མ་མཐའི་འཚོ་བ་འགན་ལེན་བྱེད་པའི་ཁྱིམ་ཚང་གི་མཐོ་རིམ་སློབ་གྲྭའི་སློབ་ཆེན་སློབ་ཐོན་སློབ་མ་ཚང་མས་ལས་ཀ་འཚོལ་བའི་ཁ་གསབ་ལེན་པའི་སྙན་ཞུ་ཕུལ་ན་འགྲིག་གི་ཡོད་པ་རེད།

སྲིད་ཇུས་ཀྱི་གཏན་འབེབས་གསར་ཤོས་ལ་གཞིགས་ན། ད་ལོ་ནས་བཟུང་ནང་སོག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་ལེན་ལེན་མཁན་ཁྱིམ་ཚང་གི་སློབ་གྲྭ་ཐོན་པའི་ལོ་འཁོར་མོའི་ནང་གི་མཐོ་སློབ་སློབ་ཐོན་སློབ་མར། སློབ་གྲྭ་ཐོན་པའི་ལོ་འཁོར་མོའི་ནང་ཐེངས་གཅིག་རང་བཞིན་གྱི་ལས་ཀ་འཚོལ་བའི་ཁ་གསབ་སྤྲོད་ཀྱི་ཡོད་པ་དང་། དགོས་མཁོའི་མ་དངུལ་དེ་གཏན་འབེབས་ལྟར་ལས་ཞུགས་ཀྱི་ཆེད་དོན་མ་དངུལ་གཏོང་འགོའི་ཁྱབ་ཁོངས་ནང་འཇུག་རྒྱུ་དང་། མ་དངུལ་དེ་ཆེད་དངུལ་ཆེད་སྤྱོད་བྱས་ནས་སྲིད་གཞུང་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནང་སོག་རིམ་ཁག་གི་སྤྱི་པའི་ལས་ཞུགས་ཤེས་ལྡན་མི་སྣའི་ཞབས་ཞུའི་ཚན་པས། རང་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཐོན་སློབ་མར་ས་གནས་དེ་གའི་ལས་ཞུགས་རོགས་སྐྱོབ་ཀྱི་མ་ལག་ནང་བཅུག་པ་མ་ཟད། གཅིག་ལ་གཅིག་བརྟེན་གྱི་གཙོ་གནད་རོགས་སྐྱོར་བྱེད་རྒྱུ་དང་། རང་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་ཐོན་སློབ་མར་ལས་ཞུགས་ཀྱི་མཛུབ་ཁྲིད་དང་ལས་གནས་བློ་འདྲི། རྩལ་ནུས་སྦྱོང་བརྡར། ལས་ཞུགས་འོས་སྦྱོར། ཆ་འཕྲིན་ཞབས་ཞུ་བཅས་རིམ་པ་མི་དགོས་པར་མཁོ་འདོན་བྱེད་རྒྱུ་མ་ཟད། མི་བེད་སྤྱོད་གཏོང་མཁན་ཚན་པར་གཙོ་གནད་ཐོག་འོས་སྦྱོར་བྱས་པའམ་སྤྱི་ཕན་རང་བཞིན་བརྒྱུད་ནས་ལས་གནས་བཀོད་སྒྲིག་བྱེད་རྒྱུ་རེད།

མིག་སྔར། ནང་སོག་གི་མོང་དང་གྲོང་ཁྱེར་དང་ཆི་དང་རྫོང་ཁག་གིས་དེ་མཚུངས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་ཞབས་ཞུའི་ཆེད་དོན་མ་དངུལ་བཙུགས་ནས། གཙོ་གནད་ཐོག་ས་གནས་དེ་གས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་བྱ་གཞག་གསར་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་སོགས་ཀྱི་ལས་དོན་དོན་འཁྱོལ་དང་འགན་ལེན་བྱེད་རྒྱུའི་ཐད་བེད་སྤྱོད་བྱེད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག