མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་སྐོང་ཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཀྲུང་གོས་རྒྱ་གར་བྱང་རྒྱུད་ས་ཁུལ་དུ་ཆུ་ལོག་གནོད་འཚེ་ཕོག་ནས་མི་སྣ་ཤི་སྨས་དང་རྒྱུ་ནོར་གྱོང་གུན་ཚབ་ཆེན་བཟོས་པར་འཚམས་འདྲི་ཞུ་གི་ཡིན་ཞེས་གསུངས།

ཧྭ་ཁྲུན་ཡིང་གིས་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས། ཙུང་ལི་ལི་ཁེ་ཆང་གིས་གནད་དོན་དེའི་ཐད་རྒྱ་གར་གྱི་ཙུང་ལི་ཤིན་གེར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་ཡོད། རྒྱ་གར་སྲིད་གཞུང་གི་འགོ་ཁྲིད་འོག རྒྱ་གར་གྱི་གནོད་འཚེ་ཕོག་ཁུལ་མི་དམངས་ཀྱིས་གནོད་འཚེ་ལས་རྒྱལ་ཐུབ་ནས་གང་མགྱོགས་ཁྱིམ་གཞི་བསྐྱར་འཛུགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག རྒྱ་གར་གྱི་ཨ་ཁེན་དེ་མངའ་སྡེ་བྱང་མའི་གནོད་འཚེ་དོ་དམ་པུ་ཀྲང་ཡ་ལི་ཨན་གྱིས་སྤྱི་ཚེས23ཉིན་གྱི་དགོང་མོ། མངའ་སྡེ་དེར་བསྟུད་མར་དྲག་ཆར་བབ་སྟེ་ཆུ་ལོག་དང་འདམ་རྡོའི་ཆུ་རུས་ཐོན་ནས། ཤི་སྨས་བཟོས་པའི་མི་གྲངས་ལྔ་སྟོང་ལས་བརྒལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག