མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུ་ཀྲང་གིས་ཀྲུང་གོའི་ཕྱི་འབྲེལ་པུའི་གསར་འགྱུར་འཚམས་འདྲི་ཚོགས་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུ་ཀྲང་ཡིན་སྦིང་ཧྲེས་ཉིན་ཤས་གོང་ཧྲའུ་འར་དུ་ཀྲུང་གོའི་ཕྱི་འབྲེལ་པུའི་གསར་འགྱུར་འཚམས་འདྲི་ཚོགས་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཙུང་ཐུང་ཕེའོ་ཇིན་ཧུས་ཀྱིས་འདི་ཟླའི་ཟླ་མཇུག་ཏུ་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ལོ་རྒྱུས་ཐོག་གི་དུས་རབ་གསར་པ་གཏོད་ཐུབ་པའི་རེ་བ་ཡོད་ཅེས་དང་། ཁོང་གིས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་འབྲེལ་བ་སྔར་བས་གོང་འཕེལ་དང་། དེ་བས་ཁྱོན་ཡོངས་ཀྱིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་ཐུབ་པའི་རེ་བ་ཡོད།

 ཕྱོགས་གཉིས་པོས་ད་དུང་གོམ་གང་མདུན་སྤོས་ཀྱིས་མི་ཆོས་རིག་གནས་འབྲེལ་གཏུག་ལ་ཤུགས་སྣོན་དང་། དཔལ་འབྱོར་མཉམ་ལས་ཐད་ལའང་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་རྒྱག་རྒྱུ་ཡིན། ཕྱོགས་གཉིས་པོས་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་གོ་སྐབས་སུ་བཟུང་ནས། འཐབ་ཇུས་འབྲེལ་གཏུག་ཇུས་གཞིར་ཞིབ་འཇུག་བྱེད་རྒྱུར་ཤུགས་སྣོན་དང་། འགོ་གཙོའི་བར་གྱི་གྲོས་མོལ་ནས་ལས་དོན་ཐད་ཀྱི་འབྲེལ་གཏུག་བར་དང་། དཔལ་འབྱོར་ནས་ཆབ་སྲིད་དང་། རྒྱལ་སྲུང་། ཕྱི་འབྲེལ་བར་སོགས་ཁྱབ་ཁོངས་ཚང་མའི་ནང་གི་མཉམ་ལས་གོམ་གང་མདུན་སྤོས་རྒྱ་ཆེར་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག