མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཤིན་ཅང་དུ་བདེ་འཇགས་ཐོན་སྐྱེད་ཀྱི་རྐྱེན་ངན་གནས་པའི་ཚན་པ13རྩིས་བཤེར་ཐུབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-26 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ཕྱེད་རིང་གི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་རྩིས་བཤེར་བྱེད་པ་བརྒྱུད། སྤྱི་ཟླ6པར་སླེབས་དུས། ཤིན་ཅང་དུ་བདེ་འཇགས་ཐོན་སྐྱེད་ཀྱི་རྐྱེན་ངན་གནས་པའི་ཚན་པ13ལ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྒོ་བྱང་བཀལ་ཏེ་ལྟ་སྐུལ་བྱས་པ་དང་། དུས་བཀག་བཅོས་སྒྲིག་དང་རྩིས་སྤྲོད་བྱེད་པ་རྩིས་ལེན་བྱེད་སྐབས་ཚད་དང་མི་མཐུན་ཚེ་ཁྲིམས་ལྟར་སྒོ་རྒྱག་རྒྱུའི་བླང་བྱ་བཏོན་ཡོད་པ་རེད།

གསར་འགོད་པས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚན་པ13དེ་དག་ལ་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་གནས་པ་དེ་དག་གཙོ་བོ་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་མེ་ཟོན་བདེ་འཇགས། རྡོ་སོལ་གཏེར་ཁའི་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ཅིང་། དེའི་ནང་འགྲོ་ལམ་འགྲིམ་འགྲུལ་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཚན་པ་༣དང་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་ཚན་པ4རྡོ་སོལ་གཏེར་ཁའི་མི་མངོན་པའི་རྐྱེན་ངན་གནས་པའི་ཚན་པ6བཅས་ཡོད་པ་རེད།

ད་ལོ་ནི་ཤིན་ཅང་ཁེ་ལས་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་འཛུགས་སྐྲུན་ལོ་ཡིན་པ་དང་། ལྗོངས་དེ་ཡོངས་སུ་ལོ་འགོ་ནས་བཟུང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ནང་ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་སྲོལ་ལས་འགལ་བ་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་གཙོ་གནད་ཐོག་སྤེལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག