མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་ཡིའུ་ཉིང་བསྡུས་བཟོ་གྲྭ་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཉིང་རྡུལ་ཚོགས་པས་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་ཀྱི་འགག་རྩའི་ལག་རྩལ་ཏེ། ཡིའུ་ཉིང་བསྡུས་ལག་རྩལ་རྦད་དེ་རང་བརྟེན་ཅན་ལ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་བྲལ་འཕྲུལ་ཆས་ནི་ཡིའུ་ཉིང་བསྡུས་ཀྱི་ལྟེ་བའི་ཐོན་སྐྱེད་སྒྲིག་ཆས་ཤིག་ཡིན་ལ། རྒྱལ་ཁབ་ཁག་གིས་ཚོད་འཛིན་ནན་པོ་བྱེད་པའི་གསང་བ་གལ་ཆེན་ཞིག་ཀྱང་ཡིན།

ལས་དོན་མི་སྣས་དེ་གར་ལྟེ་བྲལ་འཕྲུལ་ཆས་ཚུད་པའི་སྒྲིག་ཆས་ཐ་དག་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པ་ཞིག་ཡིན་པའི་ངོ་སྤྲོད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག