མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་གོང་གི་ཟླ་བ་ལྔའི་ནང་གློག་བེད་སྤྱོད་གཏོང་ཚད་དེ4.9%ལས་འཕར་མེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ5པར་སྤྱི་ཚོགས་ཧྲིལ་པོས་གློག་བེད་སྤྱོད་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར4269ཟིན་གྱི་ཡོད་པ་དེ་དུས་མཚུངས་ལས5%འཕར་ཡོད་པ་དང་། འཕར་ཚད་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གནས0.2ཆག་ཡོད་པ་རེད། སྤྱི་ཟླ1པོ་ནས་སྤྱི་ཟླ5བའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་པོས་གློག་བེད་སྤྱོད་བྱེད་ཚད་དེ་དུས་མཚུངས་ལས4.9%ལས་འཕར་སྣོན་བྱུང་མེད་པ་རེད། དུས་ཚིགས་དང་པོའི་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དེ་དུས་མཚུངས་ལས7.7%འཕར་ཡོད་པ་དང་། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དེ་དུས་མཚུངས་ལས9.5%འཕར་ཡོད་པ་རེད། ཡིན་ནའང་དུས་མཚུངས་པའི་སྤྱི་ཚོགས་ཀྱི་གློག་བེད་སྤྱོད་གཏོང་ཚད་དེ4.3%ལས་འཕར་མེད་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཚན་པའི་འཕར་སྣོན་རིན་ཐང་ནུས་རྒྱུ་བེད་སྤྱོད་གཏོང་ཚད་དེ་དུས་མཚུངས་དང་བསྡུར་ན6.5%ཆག་ཡོད་པ་རེད། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་དུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད་རང་རྒྱལ་གྱི་ཚན་པའི་ཐོན་སྐྱེད་རིན་ཐང་བེད་སྤྱོད་གཏོང་ཚད་དེ་རྒྱུན་ཆད་མེད་པར་ཆག་གི་ཡོད་པ་དང་། ནུས་རྒྱུ་གྲོན་ཆུང་དང་བཙོག་སྐྱོན་ཉུང་དུ་གཏོང་རྒྱུའི་ཐད་གྲུབ་འབྲས་མངོན་གསལ་ཐོན་ཡོད་པ་རེད།

དང་ཐོག་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གིས་ནུས་རྒྱུ་བེད་སྤྱོད་གཏོང་བའི་ཆུ་ཚད་དམའ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། དེ་རྗེས་ཡུལ་མིའི་མཛད་སྤྱོད་གྲུབ་ཆ་དེ་སྲོལ་རྒྱུན་གྱི་ཟས་གོས་གཙོ་བོར་བྱེད་པའི་འཚོ་གནས་རང་བཞིན་གྱི་མཛད་སྤྱོད་ནས་འགྲོ་སྡོད་དང་། སློབ་གསོ། ཡུལ་སྐོར་སོགས་གོང་འཕེལ་དང་ལོངས་སྤྱོད་ཀྱི་རྣམ་པའི་མཛད་སྤྱོད་ཕྱོགས་སུ་བར་བརྒལ་བྱས་པར་རྟེན་སློབ་གསོ་དང་། ཡུལ་སྐོར། བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་ཀྱི་མཛད་སྤྱོད་འཕར་སྣོན་མྱུར་པོ་བྱུང་ཡོད་པ་མ་ཟད་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་དང་ནུས་རྒྱུ་བེད་སྤྱོད་གཏོང་བའི་ཆུ་ཚད་ཉུང་དུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།

དེ་མིན། ཉེ་བའི་ལོ་ཤས་ནང་། ནུས་རྒྱུའི་དཔྱ་ཁྲལ་བསྒྱུར་བཅོས་བྱེད་རྒྱུ་བརྟན་པོའི་ངང་ནས་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཀྱིས་ནུས་ཤུགས་ཡོད་རྒུས་རྗེས་ལུས་ཀྱི་ཐོན་ནུས་མེད་པ་བཟོས་པ་དང་ཆབས་ཅིག་ནོར་སྲིད་དཔྱ་ཁྲལ་སྲིད་ཇུས་བརྒྱུད་དེ་ཁེ་ལས་ལ་ནུས་ཁུངས་ལག་རྩལ་དང་ནུས་རྒྱུ་དོ་དམ་མ་ལག་གསར་གཏོད་བྱེད་རོགས་བྱེད་པ་སོགས་ཀྱི་བྱ་ཐབས་སྤེལ་བ་བརྒྱུད་ཁེ་ལས་ཀྱི་ནུས་རྒྱུ་མི་ཉུང་བ་ཞིག་གི་བེད་སྤྱོད་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད་པ་རེད། དེ་དང་དུས་མཚུངས་ས་གནས་ཁག་གིས་དུམ་མཚམས་རང་བཞིན་གྱི་གློག་རིན་ཇུས་གཞི་བཏོན་པ་དེས་ཡུལ་མིའི་ནུས་རྒྱུ་གྲོན་ཆུང་གི་འདུ་ཤེས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག