མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གིས་གསར་བརྗེའི་རྟེན་གཞི་རྙིང་པའི་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཐད་སྒོར་དུང་ཕྱུར12གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུས་སྤྱི་ཟླ6པའི་ཚེས21ཉིན་གསར་འགྱུར་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོ་ཀྲུང་དབྱང་གི་ཆེད་དོན་སྤ་སེ་ཡོད་པའི་བྱ་དགའི་འཛིན་ཤོག་གི་སྤྱི་ཕན་མ་དངུལ་ནས་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། གསར་བརྗེ་འོག་རྟེན་གཞི་རྙིང་པའི་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཐད་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར12བཀོད་སྒྲིག་བྱས་ཏེ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་གོང་འཕེལ་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་རྒྱུ། གོང་འཕེལ་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག