མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་གཏན་འབེབས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་དུས་བརྡ་ཐོ་བཏང་སྟེ། ཞིང་པ་ལས་མིའི་ལས་དོན་གྱི་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་སྔར་བས་ལྷག་པ་རྒྱག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུའི་གཏན་འབེབས་གནང་བ་དང་། དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོས་དོན་མཐུན་སྦྱོར་ལས་ཁུངས་ཡིན་པའི་ཆ་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་ལས་དོན་མཉམ་ཞུགས་གྲོས་ཚོགས་དུས་གཅིག་ཏུ་མེད་པར་བཟོས་པ་རེད།

བརྡ་ཐོའི་ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ལས་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་འགན་གཙོ་བོ་ནི་ཞིང་པ་ལས་མིའི་ལས་དོན་གྱི་གལ་ཆེའི་བྱེད་ཕྱོགས་དང་སྲིད་ཇུས། བྱ་ཐབས་བཅས་འཆར་ཟིན་བཟོ་སྒྲིག་དང་གྲོས་ཞིབ་བྱ་རྒྱུ་དང་། ཞིང་པ་ལས་མིའི་ལས་དོན་ལ་སྒྲིག་འཛུགས་དང་སྐུལ་འདེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་དང་ལས་འགན་ལེགས་སྒྲུབ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ། སྲིད་ཇུས་དོན་འཁྱོལ་བྱེད་པའི་ནང་གི་གཙོ་གནད་དང་དཀའ་གནད་གནད་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ཐག་གཅོད་བྱ་རྒྱུ་བཅས་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག