མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གིས་མི་ཁྲིར་ཟབ་སྦྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། ནང་སོག་གིས་ཉིན་ཤས་གོང་མི་ཁྲིར་ཟབ་སྦྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་། འཆར་གཞི་ལྟར་ན་དུས་ཡུན་ལོ3ནང་རང་སྐྱོང་ལྗོངས་དེ་ཡོངས་ཀྱི་གཞི་རིམ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་དོན་པར་རེས་སྐོར་ཟབ་སྦྱོང་རེ་བྱ་རྒྱུ་ཡིན་པ་རེད།

འཆར་འགོད་ལྟར་ན། སྤྱི་ལོ2013ལོར་མི3000ལ་ཟབ་སྦྱོང་བྱ་རྒྱུ་དང་། ཟབ་སྦྱོང་བྱ་ཡུལ་ནི་མོང་དང་གྲོང་ཁྱེར་གྱི་སྲིད་གཞུང་གནས་སའི་གྲོང་ཁུལ་དང་སྡེ་ཁུལ་གྱི་ངལ་རྩོལ་འགན་སྲུང་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་དང་དེ་བཞིན་ལས་དོན་པ་ཡིན། སྤྱི་ལོ2014ལོར་མི་4000ལ་ཟབ་སྦྱོང་བྱ་རྒྱུ་དང་། ཟབ་སྦྱོང་བྱ་ཡུལ་ནི་སྲང་ལམ་དང་ཤང་གྲོང་ཁག་གི་ངལ་རྩོལ་འགན་སྲུང་བྱ་དོན་ཁང་གི་འགན་འཁུར་བ་དང་དེ་བཞིན་ལས་དོན་པ་ཡིན་པ། སྤྱི་ལོ2015ལོར་མི3000ལ་ཟབ་སྦྱོང་བྱ་རྒྱུ་དང་ཟབ་སྦྱོང་བྱ་ཡུལ་ནི་ལྷག་མར་ལུས་པའི་གྲོང་ཁྱེར་དང་གྲོང་རྡལ། སྡེ་ཁུལ་བཅས་ཀྱི་ངལ་རྩོལ་འགན་སྲུང་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་དང་ལས་དོན་པ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་ངལ་རྩོལ་འགན་སྲུང་ཁྲིམས་སྲོལ་དང་། ལས་ཞུགས་སྲིད་ཇུས། སྟེགས་བུ་འཛུགས་སྐྲུན་བཅས་ཀྱིས་ཟབ་སྦྱོང་ནང་དོན་གཙོ་བོ་བྱས་པ་དང་། གཅིག་བསྡུས་ཐོག་སློབ་ཁྲིད་བྱེད་པའི་རྣམ་པ་སྤྱད་པ། རིགས་གཞུང་སློབ་སྦྱོང་དང་སྤེལ་རེས་ཟུང་འབྲེལ་བྱེད་པའི་ཟབ་སྦྱོང་རྣམ་པ་སྤྱོད་རྒྱུ་ཡིན་པ་དང་། ཟབ་སྦྱོང་ནང་ཞུགས་མཁན་མི་སྣར། ལས་རིགས་ཐོབ་ཐང་ལག་ཁྱེར་མ་ཐོབ་པ་ཡིན་ཕྱིན། རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་དཔྱད་གཏན་ཡིག་རྒྱུགས་ནང་ཞུགས་དགོས་པ་དང་། ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་རྗེས་མུ་མཐུད་སྲང་ལམ་དང་ཤང་གྲོང་། སྡེ་ཁུལ་བཅས་ཀྱི་ངལ་རྩོལ་འགན་སྲུང་ལས་དོན་སྒྲུབ་ཆོག་གི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག