མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྩིས་བཤེར་ཧྲུའུ་ཡིས་ཚན་པ300ལྷག་གིས་ནུས་རྒྱུ་གྲོན་ཆུང་གི་མ་དངུལ་སྒོར་དུང་ཕྱུར16སྒེར་སྤྱོད་བྱས་པའི་ཁྱབ་བསྒྲགས་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-06-25 10:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྩིས་བཤེར་ཧྲུའུ་ཡིས་ནུས་པའི་འབྱུང་ཁུངས་གྲོན་ཆུང་གིས་བེད་སྤྱོད་བྱེད་པ་དང་། སླར་སྐྱེས་ནུས་པའི་འབྱུང་ཁུངས། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་རྒྱུ་བཅས་ཀྱི་རྣམ་གྲངས་ཁག5044ཡི་རྩིས་བཤེར་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། སྤྱི་བསྒྲགས་ལས་གསལ་བར། རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ348ཀྱིས་ནུས་པའི་འབྱུང་ཁུངས་གྲོན་ཆུང་གིས་བེད་སྤྱོད་བྱེད་པའི21110མ་དངུལ་དང་། སླར་སྐྱེས་ནུས་པའི་འབྱུང་ཁུངས་ཀྱི21112མ་དངུལ། ཐོན་ཁུངས་ཕྱོགས་བསྡུས་ཀྱི21113མ་དངུལ་བཅས་ནུས་པའི་འབྱུང་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་རིགས་ཐད་ཀྱི་མ་དངུལ་རིགས་གསུམ་ནས་མ་དངུལ་སྒོར་དུང་ཕྱུར16.17སྒེར་སྤྱོད་བྱས་པ་དང་། གསབ་སྣོན་བྱས་པའི་རྩིས་བཤེར་མ་དངུལ་གྱི2.6%ཟིན་ཡོད་པ་རེད།

རྩིས་བཤེར་མཇུག་འབྲས་ལས་གསལ་བར། ལོ་གཉིས་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་། འཛད་སྤྱོད་པ་དངོས་ལ་ཁ་གསབ་སྤྲོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ས་གནས་དང་ཁེ་ལས་ཀྱི་ཐོན་ཁུངས་དང་ནུས་པའི་འབྱུང་ཁུངས་གྲོན་ཆུང་གིས་བེད་སྤྱོད་བྱེད་པའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་མིས་ནུས་རྒྱུ་གྲོན་ཆུང་ཐུབ་པའི་ཐོན་རྫས་ཉོ་རྒྱུར་སྐུལ་མ་བཏང་བས། ནུས་པའི་འབྱུང་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུའི་ཐད་ནུས་པ་གལ་ལེགས་ཐོན་ཡོད་པ་རེད།

ཡིན་ནའང་རྩིས་བཤེར་བྱེད་པའི་ཁྲོད་གནད་དོན་ཁག་ཅིག་ཤེས་རྟོགས་བྱུང་ཡོད་དེ། རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ348ཀྱིས་མ་དངུལ་རིགས་གསུམ་གྱི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར16.17སྒེར་སྤྱོད་དང་། སྙན་ཞུ་རྫུན་མ་བྱས་ཏེ་དངུལ་ལེན་པ་སོགས་བྱས་ཡོད་པ་དང་། དེས་གསབ་སྣོན་བྱས་པའི་རྩིས་བཤེར་མ་དངུལ་གྱི2.6%ཟིན་ཡོད་པ་རེད། དེའི་ནང་། རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ102ཀྱིས་མ་དངུལ་རེ་ཞུའི་དཔྱད་གཞིའི་ཡིག་ཆ་རྫུན་མ་བཟོས་ཏེ། མ་དངུལ་རིགས་གསུམ་གྱི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར5.56ལེན་ཡོད་པ་དང་། རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ29ཡིས་མ་དངུལ་རིགས་གསུམ་གྱི་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར2.26བཙན་བཟུང་དང་སྒེར་སྤྱོད་བྱས་ཏེ། གཉེར་སྐྱོང་དང་། ལས་སྒོའི་འགྲོ་གྲོན་སོགས་ཀྱི་གཏོང་སྒོའི་ཐད་བཏང་ཡོད་པ་རེད། གཙོ་འགན་སྡེ་ཁག་གིས་ཞིབ་དཔྱད་ནན་པོ་མ་བྱས་པ་དང་། ཕྱོགས་གསུམ་པའི་དཔྱད་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱས་པ་སོགས་ཀྱི་རྐྱེན་པས། རྣམ་གྲངས་ལག་བསྟར་བྱེད་མཁན་ཚན་པ217གྱིས་རྣམ་གྲངས་ཆེ་ཞུ་ཆུང་སྐྲུན་དང་། ཡང་སྐོར་བསྐྱར་སྐོར་གྱིས་རེ་ཞུ་བྱེད་པ་སོགས་བརྒྱུད་སྒྲིག་སྲོལ་ལས་འགལ་ཏེ་མ་དངུལ་རིགས་གསུམ་གྱི་རྣམ་གྲངས་ཀྱི་མ་དངུལ་ནས་སྒོར་དུང་ཕྱུར8.35ཡོད་པ་རེད། དེ་མིན། ད་དུང་རྣམ་གྲངས་ཁག་ཅིག་གི་ཕན་འབྲས་ཐོན་ཚད་སྔོན་དཔག་ལྟར་གྱི་སྲིད་ཇུས་དམིགས་འབེན་ལྟར་བྱུང་མེད་པ་རེད།

རྩིས་བཤེར་ཧྲུའུ་ཡིས་གནས་ཚུལ་གསལ་འདོན་བྱས་རྗེས། འབྲེལ་ཡོད་ཀྱི་ས་གནས་སྡེ་ཁག་དང་རྣམ་གྲངས་ལག་བསྟར་ཚན་པ་ཁག་གིས་བཙན་བཟུང་དང་སྒེར་སྤྱོད་བྱས་པའི་རྣམ་གྲངས་ཀྱི་མ་དངུལ་ཕྱིར་སློག་བྱེད་ཚད་སྒོར་དུང་ཕྱུར2.5ཟིན་གྱི་ཡོད་པ་དང་། གཡོ་ལེན་པའི་མ་དངུལ་ཚུར་བསྡུ་བྱེད་ཚད་སྒོར་དུང་ཕྱུར2.14ཟིན་ཡོད་པ་རེད། རྩིས་བཤེར་ཧྲུའུ་ཡིས་ཁྲིམས་འཛིན་ལས་ཁུངས་ལ་གྱོད་གཞིའི་ཁུངས་སྣེ་ཁག29རྩིས་སྤྲོད་བྱས་ཡོད་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་གྲངས41ཡོད་ཅིང་། མིག་སྔར་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག